མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་དཔེ་ཆ4620ལྷག་གཞི་རིམ་དུ་བསྐྱལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-14 10:39

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་དཔེ་ཆ་གཞི་རིམ་དུ་བསྐྱལ་བའི་བྱ་འགུལ་སྤེལ་བ་དང་། སྤྱིའི་རིན་ཐང་སྒོར་ཁྲི3གྱི་ཚན་རྩལ་དང་རིག་གནས། ཆབ་སྲིད།  དཔལ་འབྱོར་སོགས་དཔེ་ཆ4620གཞི་རིམ་དུ་བསྐྱལ་བ་རེད།

 རྒྱུས་ལོན་པ་ལྟར་ན།  2012ལོ་ནས་ད་ལྟའི་བར།  འབའ་ལུང་རྫོང་གིས་རྣམ་པ་མང་པོ་སྤྱད་དེ་གཞི་རིམ་ལ་བསྡོམས་པས་དཔེ་ཆ16473བསྐྱལ་བ་དང་།  ཕན་འབྲས་ཡོད་པའི་སྒོ་ནས་གཞི་རིམ་མང་ཚོགས་ཀྱི་དཔེ་ཆ་ལྟ་དཀའ་བ་དང་ཉོ་དཀའ་བའི་གནད་དོན་ཐག་བཅད་པས།  གཞི་རིམ་མང་ཚོགས་ཀྱི་སློབ་སྦྱོང་བྱེད་པ་དང་ལག་རྩལ་སློབ་བར་མཐུན་རྐྱེན་སྐྲུན།

 མཚམས་སྦྱོར་བྱས་པ་ལྟར་ན།  རྫོང་འདིས་འཁོར་སྐྱོད་དཔེ་ཆའི་སྐྱེལ་འདྲེན་རླངས་འཁོར་སོགས་བྱེད་ཐབས་སྣ་མང་སྤྱད་ནས་རྒྱུན་ཆད་མེད་པར་གཞི་རིམ་དུ་དཔེ་ཆ་བསྐྱལ་བ་དང་ལས་ཀའི་མཛུབ་སྟོན་སོགས་དམངས་ཕན་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད།  སྔར་ལས་ལྷག་པར་རྒྱ་ཆེའི་མང་ཚོགས་ལ་དཔེ་ཆ་ལྟ་ཀློག་བྱེད་པའི་ཞབས་ཞུ་འདོན་སྤྲོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག