མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྡོ་མཁར་གནའ་རྫོང་གི་གནོད་ཕྱིའི་བསྐྱར་སྐྲུན་བཟོ་འགོད་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-11 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས8ཉིན་གྱི་སྔ་དྲོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང“1.11”མེ་སྐྱོན་རྗེས་ཀྱི་གནོད་ཕྱིའི་བསྐྱར་སྐྲུན་སྤེལ་བའི་མཛད་སྒོ་གནའ་མཁར་ཕྱོགས་བཞིའི་སྲང་ལམ་དུ་བསྡུས་པ་དང་།  ཀུན་གྱིས་དོ་སྣང་བྱེད་བཞིན་པའི་རྡོ་མཁར་གནའ་རྫོང“1.11”མེ་སྐྱོན་རྗེས་ཀྱི་གནོད་ཕྱིའི་བསྐྱར་སྐྲུན་བྱ་བ་དངོས་སུ་འགོ་བརྩམས་པར་མཚོན།

 མེ་སྐྱོན་ལ་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་སེམས་ཡོད་པའི་དཔེ་ལྟར། རྡོ་མཁར་གནའ་རྫོང་དུ་མེ་སྐྱོན་བྱུང་རྗེས།  ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བྱས་ཤིང་།  བདེ་ཆེན་ཁུལ་ཏང་ཨུ་དང་སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གིས་འབད་པ་བྱས་འོག  སེམས་ཀྱི་ཉི་ཟླ་རྫོང་གིས་སྔ་གཞུག་ཏུ་མེ་སྐྱོན་ལས་ཐེབས་པའི་གནོད་འཚེ་ཞིབ་བཤེར་བྱེད་པ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག  ཡུལ་དངོས་གཙང་དག་བྱེད་པ་སོགས་བྱ་བ་ལེགས་འགྲུབ་བྱུང་།  དུས་ལྟར་སླར་གསོ་བསྐྱར་སྐྲུན་བྱ་བ་ལེགས་འགྲུབ་འབྱུང་ཆེད་སེམས་ཀྱི་ཉི་ཟླ་རྫོང་གིས་བྱ་བ་མང་པོ་སྒྲུབ་པ་དང་། རྡོ་མཁར་གནའ་རྫོང་གི་སླར་གསོ་བསྐྱར་སྐྲུན་སྤྱིའི་འཆད་འགོད་དང་གནའ་མཁར་འཛུགས་སྐྲུན་ཐད་ཀྱི་འཆར་འགོད་བཅས་དམངས་སྡོད་ཁང་པའི་སླར་གསོ་དང་ལེགས་བཅོས་འཛུགས་སྐྲུན་འཆར་འགོད་ལེགས་འགྲུབ་བྱུང་།

རྡོ་མཁར་གནའ་རྫོང་དུ་མེ་སྐྱོན་བྱུང་རྗེས།  རྒྱལ་ཡོངས་དང་འཛམ་གླིང་ཀུན་གྱི་དོ་སྣང་བྱེད་ཀྱིན་ཡོད་ལ།  རྡོ་མཁར་གནའ་རྫོང་གི་སླར་གསོ་བསྐྱར་སྐྲུན་བྱ་བ་ཇི་ལྟར་ལག་བསྟར་བྱེད་པ་ནི་བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུ་སྲིད་གཞུང་གི་བྱ་བ་གཙོ་གནད་ཡིན། བསྐྱར་སྐྲུན་བྱ་བར་ཚན་རིག་དང་འོས་འཚམ་ཡིན་པ་དང་།  སྔར་ཡོད་ཀྱི་རྣམ་པ་སླར་གསོ་བྱེད་ཆེད། བདེ་ཆེན་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་བདེ་ཆེན་ཁུལ་འཆར་འགོད་ཅུའུ་སོགས་སྡེ་ཁག་གིས་དུས་ཐོག་ཏུ་པེ་ཅིན་སློབ་གྲྭ་ཆེན་མོ་དང་ཆིན་ཧྭ་སློབ་གྲྭ་ཆེན་མོ།  ཁོན་མིན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོ་སོགས་རྒྱལ་ནང་གི་ཇུས་འགོད་ལས་ཁུངས་གྲགས་ཅན་ལ་འབྲེལ་གཏུགས་བྱས་ཏེ།  དུས་ཚོད་ཐུང་ངུ་ནང་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་དང་འཆར་འགོད་བྱེ་བྲག དམངས་སྡོད་ཁང་པའི་སླར་གསོ་འཛུགས་སྐྲུན་འཆར་འགོད་སོགས་ལེགས་འགྲུབ་བྱུང་བས།  སླར་གསོ་བསྐྱར་སྐྲུན་བྱ་བ་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཙུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག