མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས21པའི་ཐོག་ལས་འགན་གཙོ་བོ་དེ“སྤྱོད་ཚུལ་བཞིའི”གནད་དོན་ཐག་གཅོད་པའི་ཐོག་གཅིག་ཏུ་བསྡུས་དགོས་པ་བཏོན།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-11 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། སྐབས་བདུན་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུས་འཚོགས་པའི་རྒྱུན་ཨུའི་གྲོས་ཚོགས་ཐེངས21པའི་ཐོག 《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རྫོང་ཨུའི་རྒྱུན་ཨུའི་རྒྱས་འཛོམས་ཚོགས་ཆེན་ཐོག་གི་གསུང་བཤད》ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་སྐབས་སྔོན་མའི་ལས་ཀའི་སྙན་ཞུ་གསན་པ་དང་། དུས་སྐབས་རྗེས་མའི་ལས་ཀའི་ལས་འགན་བཀོད་སྒྲིག་བྱས་པ་རེད། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི《ལས་བྱེད་མི་སྣའི་གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་སོགས་ཀྱི་བྱ་བ་ཚད་ལྡན་དུ་གཏོང་བ་སྐོར་གྱི་གནས་སྐབས་ཀྱི་གཏན་འབེབས》དང《བདེ་ཆེན་ཁུལ་ཏང་སྲིད་ལས་ཁུངས་གཞུང་ལས་སྣེ་ལེན་དོ་དམ་གྱི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ》ཞིབ་བཤེར་གཏན་འབེབས་བྱས་པ་རེད།

བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏིང་ལིའང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

ཞིང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལྟ་སྐུལ་ཚོ་ཆུང་ཐེངས15པའི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཀྲང་ཧུང་ཕེང་གིས་ཞིང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་བདུན་པའི་ལྟ་སྐུལ་ཙུའུ་ཀྲང་གི་གྲོས་ཚོགས་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། རང་ཁུལ་གྱི་དུས་སྐབས་སྔོན་མའི་སློབ་གསོ་ལག་ལེན་བྱེད་སྒོ་ལ་ཕྱོགས་བསྡུས་བྱས་པ་དང་དུས་སྐབས་རྗེས་མའི་ལས་ཀར་གྲོས་གཞི་དང་བསམ་འཆར་བཏོན་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཏིང་ཟབ་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོའི་འབྲེལ་གཏུགས་ས་ཚུགས་ཏེ་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་སློབ་གསོ་ལག་ལེན་བྱེད་སྒོར་མཛུབ་སྟོན་དང་གལ་ཆེའི་གསུང་བཤད་གནང་སྟེ་ང་ཚོས་ཁུལ་ཡོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཁ་ཕྱོགས་གསལ་བར་བསྟན་ཡོད་ཅེས་བསྟན་པ་རེད།

གྲོས་ཚོགས་ཐོག་རང་ཁུལ་གྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲ་སྒྲིག་འདང་བ་དང་ལག་བསྟར་མགྱོགས་པ། འགོ་རྩོམ་ལེགས་པ། བདེ་བླག་ངང་སྐུལ་འདེད་བཏང་ཡོད་མོད། འོན་ཀྱང་སྡེ་ཁག་ཁ་ཤས་ཀྱི་བསམ་བློའི་འདུ་ཤེས་ད་དུང་མི་འདང་བ་དང་། གཞི་གཅིག་ཏུ་སློབ་སྦྱོང་བྱེད་པ་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་དགོས་པ། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་མེད་པ་སོགས་ཀྱི་གནད་དོན་མངོན་ཡོད། དུས་སྐབས་རྗེས་མའི་ལས་ཀའི་ཁྲོད་དམངས་ལ་དོན་དངོས་གཉེར་བའི་སྲིད་གཙང་གི་བརྗོད་བྱ་གཙོ་བོ་དམ་པོར་དམིགས་དགོས་པ་དང་། ལས་འགན་གཙོ་བོ་དེ“སྤྱོད་ཚུལ་བཞིའི”གནད་དོན་ཐག་གཅོད་པའི་ཐོག་གཅིག་བསྡུས་བྱས་ནས། སློབ་གསོ་ལག་ལེན་བྱེད་སྒོ་ལེགས་པོར་བསྒྲུབས་ཏེ། ཏང་ཡོན་ལས་བྱེད་མི་སྣའི་བསམ་པའི་འདུ་ཤེས་ཇེ་མཐོར་གཏོང་བ་དང་ལས་ཀའི་སྤྱོད་ཚུལ་ཐོག་སྒྱུར་བཅོས་མངོན་གསལ་ཡོད་དགོས་པ་བསྟན།

གྲོས་ཚོགས་ཐོག་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ལངས་ཏེ། སློབ་གསོ་ལག་ལེན་བྱེད་སྒོའི་གལ་ཆེའི་དོན་སྙིང་གི་འདུ་ཤེས་ཇེ་མཐོར་བཏང་ནས། ནན་ཏན་དང་ཚད་གཞི་མཐོན་པོས་སློབ་སྦྱོང་དང་ སློབ་གསོ་ལ་དམ་འཛིན་བྱེད་པ་དང་། རེ་འདུན་ལ་གསན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་པའི“གསུམ་ནན་གསུམ་དངོས”ཀྱི་བླང་བྱ་ལྟར་སེམས་ལྷོད་ལ་བབས་ནས་སློབ་སྦྱོང་བྱེད་པ་དང་རེ་འདུན་ལ་ཉན་པ། སྡེ་ཁག་སོ་སོ་དང་ལས་རིགས་སོ་སོའི་དངོས་ཡོད་དང་མཉམ་འབྲེལ་བྱས་ནས་དངོས་ཐོག་བདེན་འཚོལ་གྱིས་བྱེད་སྒོ་ལེགས་པོར་སྤེལ་དགོས་ཏེ། གཅིག་ནི་སློབ་སྦྱོང་དམ་འཛིན་བྱས་ནས་འདུ་ཤེས་ཇེ་མཐོར་གཏོང་བ། གཉིས་ནི་མདོ་གནད་དམ་འཛིན་བྱེད་པ་དང་གནད་དོན་བཙལ་བ། གསུམ་ནི་དག་ཐེར་དང་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱས་ནས་ལམ་ལུགས་འཛུགས་པ། བཞི་ནི་མཉམ་འབྲེལ་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྔ་ནི་དཔེ་མཚོན་དམ་འཛིན་བྱས་ནས་གཞི་རྩའི་ལས་ཀར་སྐུལ་འདེད་དང་ཁྲིད་སྟོན་བྱེད་པ། དྲུག་ནི་ལྟ་སྐུལ་དམ་འཛིན་བྱས་ནས་སླ་བཅོས་མི་བྱེད་པ་བཅས་བྱས་ཏེ་བྱེད་སྒོའི་འགོ་མཇུག་བར་གསུམ་དུ་སྤུས་ཚད་མཐོན་པོའི་ངང་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

གྲོས་ཚོགས་ཐོག《ལས་བྱེད་མི་སྣའི་གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་སོགས་ཀྱི་བྱ་བ་ཚད་ལྡན་དུ་གཏོང་བ་སྐོར་གྱི་གནས་སྐབས་ཀྱི་གཏན་འབེབས》དང་《བདེ་ཆེན་ཁུལ་ཏང་སྲིད་ལས་ཁུངས་གཞུང་ལས་སྣེ་ལེན་དོ་དམ་གྱི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ》རྩ་དོན་ཐོག་ནས་མོས་མཐུན་བྱུང་བ་རེད།

ཧོང་ཀྲེང་ཧུང་དང་མ་ཝུན་ལུང་། ལུང་ཡུང་མིང་། ཀྲང་ཀྲི་ཅིན། ཡུས་ཧྲེང་ཞང་། ནོར་བུ་གཡང་འཛོམས། ལིའུ་ཅ་ཞུན། ཆི་ཅན་ཞིན། སུའུ་ཡུས། ཀྲའོ་ཧྭ་བཅས་ཚོགས་འདུར་ཕེབས་པ། ལི་ཚན་ཀོང་དང་ཏུའུ་ཡུང་ཁྲུན། ཧོ་ཨ་ཧྲོའུ། ཧོ་ཧྥ་ཧུང་། ཚའོ་རུའུ་ཀྲུང་། ཞའོ་ཅན་མིང་། ཨོ་རྒྱན་བསྟན་འཛིན། དབྱང་ཅན་ཧྭ། དབྱང་ཙི་ཅང་། ཕེང་ཡའི་ཧུའེ་བཅས་དང་། རྗོང་སོ་སོའི་རྫོང་ཨུའི་ཧྲུའུ་ཅི་དང་། གསར་སྤེལ་ཆུས་ཏང་ཨུའི་ཧྲུའུ་ཅི། ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དག་ཚོགས་འདུར་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག