མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

དོར་ཞི་གདོང་དྲུག་སྙེམས་བློས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:38

དོར་ཞི་གདོང་དྲུག་སྙེམས་བློས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས7ཉིན་གྱི་དགོང་མོ། གདན་འདྲེན་ཞུས་པ་ལྟར་དོར་ཞི་གདུང་དྲུག་སྙེམས་བློས་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་རིག་གཞུང་སྙན་ཞུ་ཚོམས་ཁང་དུ་དུས་ཡུན་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་ལ་འཆད་ཁྲིད་གནང་ཞིང་། ཧ་ལམ་དགེ་སློབ་དྲུག་བརྒྱ་ལྷག་ཐེངས་འདིའི་འཆད་ཁྲིད་ལ་ཞུགས་པ་མ་ཟད། སེམས་རྣལ་ལ་ཕབ་སྟེ་འཆད་ཁྲིད་ལ་གསན་པ་དང་། འཆད་ཁྲིད་མཇུག་རྫོགས་དུས། ཁོང་གིས་དགེ་སློབ་དག་གི་དྲི་བར་ལན་ཞིབ་མོ་བཏབ་སྟེ་དགེ་སློབ་དག་གི་དགའ་བསུ་བླ་མེད་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ4བའི་ཚེས8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། དོར་ཞི་གདོང་དྲུག་སྙེམས་བློས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་སྙན་ཞུའི་ཚོམས་ཁང་དུ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་འབུམ་རམས་པ་དང་རབ་འབྱམས་པ་དང་ལྷན་དུ་བགྲོ་གླེང་འབྲེལ་འདྲིས་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག