མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས“གསར་པ་གཉིས”ཞེས་པའི་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་དམ་འཛིན་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-10 10:18

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་དུ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྣམ་པ་གསར་བའི་དཔལ་འབྱོར་རྩ་འཛུགས་དང་རྣམ་པ་གསར་བའི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས། ཁུལ་ཨུའི་རྩ་འཛུགས་པུའུ་རུ“གསར་པ་གཉིས”ཞེས་པའི་ལས་ཀའི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་བཙུགས་པ། “གསར་པ་གཉིས”ཞེས་པའི་རྩ་འཛུགས་ཀྱི་ལམ་ལུགས་ཁག་འཐུས་ཚང་དུ་བཏང་བ། གསོ་སྦྱོང་དང་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས། “གསར་པ་གཉིས”ཞེས་པའི་ཏང་གི་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་རེད།

ན་ནིང་། བདེ་ཆེན་ཁུལ་གྱིས《ཁུལ་ཡོངས་ཀྱི་རྣམ་པ་གསར་བའི་དཔལ་འབྱོར་རྩ་འཛུགས་དང་རྣམ་པ་གསར་བའི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་འཛུགས་སྐྱོང་ལས་ཀ་སྔར་ལས་ལྷག་པར་བྱེད་པའི་སྣེ་ཁྲིད་བསམ་འཆར》ཟིན་བྲིས་འགོད་པ་དང་བཟོ་བཅོས། འཐུས་ཚང་དུ་བཏང་བ། ཁུལ་ཐད་གཏོགས་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་དང་སྤྱི་ཚོགས་ཀྱི་ཁྲོད་དུ་གཅིག་བསྡུས་ཀྱི་སློབ་སྦྱོང་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས། “གསར་པ་གཉིས”ཞེས་པའི་རྩ་འཛུགས་དང་ཁེ་ལས། ཚོགས་ཁག་གི་གོང་འཕེལ་ལ་སྐུལ་འདེད་བཏང་བ། ན་ནིང་ཟླ7པར། གཅིག་བསྡུས་ཀྱིས“གསར་པ་གཉིས”ཞེས་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་དོན་ལས་བྱེད་མི་སྣ33ལ་གསོ་སྦྱོང་བྱས་པ། ཟླ8པར། ཁུལ་ཐད་གཏོགས་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཏང་རྩ་འཛུགས་ཀྱི་རྒྱུན་ལས་ཧྲུའུ་ཅི7དང་ཏང་འཛུགས་ལས་ཀའི་སྣེ་ཁྲིད་བྱེད་མཁན6གི་མངག་གཏོང་ལས་འགན་ལེགས་འགྲུབ་བྱུང་བ། ལོ་ནང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་ཡོན24གོང་འཕེལ་བཏང་བ།

ད་ལོར། “གསར་པ་གཉིས”ཞེས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ལ་གཞི་ཁྱོན་ཅན་གྱི་ཞིབ་འཇུག་གཏིང་ལོན་བྱེད་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ཁུལ་ཐད་གཏོགས་གསར་པ་གཉིས་ཞེས་པའི་རྩ་འཛུགས་ཁྲོད་དུ་ཏང་ཀྲི་པུའུ་འགའ་འཛུགས་པར་བརྩོན་ལེན་བྱེད་རྒྱུ། ཏང་ཡོན་གོང་འཕེལ་གྱི་ལས་ཀ་ཡག་པོ་སྒྲུབ་རྒྱུ། ཏང་རྩ་འཛུགས་ཧྲུའུ་ཅི་དང་ཏང་དོན་ལས་བྱེད་མི་སྣ། ཏང་ཡོན་སོགས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱུ། མུ་མཐུད་དུ་ཏང་རྩ་འཛུགས་ཀྱི་རྒྱུན་ལས་ཧྲུའུ་ཅི་དང་ཏང་འཛུགས་ལས་ཀའི་སྣེ་ཁྲིད་མི་སྣའི་མངག་གཏོང་ལ་དམ་འཛིན་བྱེད་རྒྱུ། “གསར་པ་གཉིས”ཞེས་པའི་རྩ་འཛུགས་ཀྱི་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག