མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་སྐད་གཉིས་སློབ་གསོའི་ཕྱོགས་ལ་ཤུགས་བསྣན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-04-09 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་ཤེས་གསལ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། བདེ་ཆེན་ཁུལ་གྱིས་རྗེས་ཕྱོགས་ཧུར་ཐག་སྒོས་ཆ་ཚང་བའི་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་སློབ་གསོའི་མ་ལག་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་དང་། དེ་དང་མཉམ་དུ་བོད་ཡིག་ཡིག་གཟུགས་དང་བོད་མི་རིགས་ཀྱི་བཟོ་བཀོད་མཛེས་རྩལ། བོད་སྐད་ཡིག་གི་སྣེ་ཤན་པའི་ཤེས་བྱ་སོགས་སྤྱི་སྦྱོང་སློབ་ཚན་དང་བདམས་སྦྱོང་གི་སློབ་ཚན་གསབ་སྣོན་བྱས་ནས་སྔར་ལས་མང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག