ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སྐོར་བཞི་བའི་ཞིང་ཆེན་རིམ་པའི་གཟིགས་འདུས་རིག་དངོས་རྒྱུན་འཛིན་མཁན་གྱི་མཚམས་སྦྱོར་སྙན་ཞུ་བྱ་བ་སྤེལ་འགོ་བརྩམས་པ་དང་། རྒྱུན་འཛིན་མཁན28ཁུལ་རིམ་པས་ཞིབ་དཔྱད་ལས་ཆོག་མཆན་ཐོབ་ནས་ཞིང་ཆེན་རིམ་པའི་སྡེ་ཁག་ལ་བདམངས་སྐྱེལ་བྱས། དེའི་ནང་དམངས་སྲོལ་རིགས་ནས་རྒྱུན་འཛིན་མཁན5དང་སྲོལ་རྒྱུན་རོལ་མོ་རིགས་ནས་རྒྱུན་འཛིན་མཁན2། སྲོལ་རྒྱུན་ཞབས་བྲོ་རིགས་ནས་རྒྱུན་འཛིན་མཁན13། སྲོལ་རྒྱུན་ཟློས་གར་རིགས་ནས་རྒྱུན་འཛིན་མཁན2། སྲོལ་རྒྱུན་ལག་རྩལ་རིགས་ནས་རྒྱུན་འཛིན་མཁན3དང་བོད་ཀྱི་གསོ་རིག་ཕྱོགས་ནས་རྒྱུན་འཛིན་མཁན2བཅས་འདུས། །