མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་དབང་བོ་སྐྱོན་ཅན་ལས་ཞུགས་གདན་ཞུ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-31 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཁུལ། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དཀྱིལ་འཁོར་ཐང་ཆེན་དུ“2014ལོའི་སློབ་གྲྭ་ཆུང་འབྲིང་དུ་སློབ་མཐར་ཕྱིན་པའི་དབང་བོ་སྐྱོན་ཅན་ལས་ཞུགས་གདན་ཞུ་ཚོགས་འདུ”བསྡུས།

ཐེངས་འདིའི་གདན་ཞུ་ཚོགས་འདུ་ལས་དབང་བོ་སྐྱོན་ཅན་དག་ལ“སྲིད་ཇུས་དང་གསོ་སྦྱོང་།  ལས་གནས་བསྐྱལ་བར”བརྗོད་དོན་དུ་བཟུང་བའི་དུས་མཚུངས་སུ། ཁེ་ལས་སོ་སོར་དབང་བོ་སྐྱོན་ཅན་བསྡུ་བའི་འབྲེལ་ཡོད་ཤེས་བྱའི་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱས་པ་དང་།  ཁུལ་དང་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་མཉམ་འབྲེལ་བྱས་ཏེ་མི་སྣ་གདན་ཞུ་ཀུང་ཟི་དང་དབང་བོ་སྐྱོན་ཅན་ལ་ལས་ཞུགས་སྐོར་གྱི་ཞབས་ཞུ་སྒྲུབ།

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་མི་སྣ་གདན་ཞུ་ཚོགས་འདུ་སྟེང་མི་བཀོལ་ལས་ཁུངས40ལྷག་ཞུགས་ཡོད་པ་དང་ལས་གནས100ལྷག་བཀོད་སྒྲིག་བྱས་ཡོད། ངལ་རྩོལ་བའི་ཁེ་དབང་འགན་སྲུང་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་འདྲི་གཅོད་ཞབས་ཞུ་ཐེངས55སྤེལ་བ་དང་། ཡུལ་དངོས་སུ་མི་ཐེངས208ཐེངས་འདིའི་མི་སྣ་གདན་ཞུ་ལ་ཞུགས་པ་དང་དེའི་ནང་དབང་བོ་སྐྱོན་ཅན15ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག