མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྲིད་གྲོས་ཀྱི་གྲོས་གཞིའི་གྲུབ་འབྲས་དང་དེང་ཕྱིན་གྱི་ལས་ཀའི་འཆར་གཞི།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-31 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་གྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་དུ་ཁྱོན་བསྡོམས་ཡིག་ངོས་ཀྱི་བསམ་འཆར་དང་གྲོས་གཞི74འབྱོར་ཡོད།

བདེ་ཆེན་ཁུལ་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། གྲོས་གཞི72ཐོ་འགོད་བྱས་པ་དང་། ཐོ་འགོད་བྱེད་ཚད་ཀྱིས97.3%ཟིན་ཡོད། དེའི་ཁྲོད་དུ་ཨུ་ཡོན་མི་སྒེར་གྱི་གྲོས་གཞི62ཡོད་པ་དང་། དེས86.1%ཟིན་ཡོད། ཐུན་མོང་གི་གྲོས་གཞི10ཡོད་པ་དང་་ དེས13.9%ཟིན་ཡོད། གྲོས་གཞི་འདོན་པ་དང་མིང་བྱང་མཉམ་འགོད་བྱས་ཏེ་གྲོས་གཞི་འདོན་པའི་ཨུ་ཡོན་མི་ཐེངས162ལ་སླེབས་ཡོད་ཅིང་་དེས་ཨུ་ཡོན་སྤྱིའི་མི་གྲངས་ཀྱི71.7%ཟིན་ཡོད། རིགས་དབྱེ་ན། ཆབ་སྲིད་རིགས་ཀྱི་གྲོས་གཞི8ཡོད་ཅིང་། དེས11.1%ཟིན་ཡོད། དཔལ་འབྱོར་རིགས་ཀྱི་གྲོས་གཞི19ཡོད་ཅིང་དེས26.4%ཟིན་ཡོད། རིག་གནས་རིགས་ཀྱི་གྲོས་གཞི8ཡོད་ཅིང་། དེས11.1%ཟིན་ཡོད། སྤྱི་ཚོགས་རིགས་ཀྱི་གྲོས་གཞི30ཡོད་ཅིང་། དེས41.7%ཟིན་ཡོད། སྐྱེ་ཁམས་རིགས་ཀྱི་གྲོས་གཞི7ཡོད་ཅིང་། དེས9.7%ཟིན་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་གཙིགས་ཆེན་གནང་བ་དང་འགན་སྒྲུབ་ལས་ཁུངས་ཀྱིས་ནན་ཏན་གྱིས་བདག་གཉེར་བྱེད་པ། ཕྱོགས་སོ་སོ་ནས་མཉམ་དུ་འབད་བརྩོན་བྱས་འོག 2013ལོའི་ཟླ10བའི་ཟླ་མཇུག་བར་དུ། འགན་སྒྲུབ་ལས་ཁུངས་སོ་སོས་སྒྲུབ་དགོས་པའི་གྲོས་གཞི་ཚང་མར་ཡིག་ངོས་ཕྱིར་ལན་སློག་ཡོད་པ་དང་། ལན་སློག་ཚད100%ལ་སླེབས་ཡོད། ཐོ་འགོད་བྱས་པའི་གྲོས་གཞི72ཀྱི་ཁྲོད་དུ་བདག་གཉེར་བྱས་ཚར་བ་དང་བྱེད་བཞིན་པའི་གྲོས་གཞི15ཡོད་ཅིང་དེས་གྲོས་གཞི་ཐོ་འགོད་བྱེད་གྲངས་ཀྱི20.8 %ཟིན་ཡོད། འཆར་གཞི་ནང་བཀོད་དེ་བདག་གཉེར་བྱེད་གྲབས་ཡོད་པའི་གྲོས་གཞི51ཡོད་པ་དང་། དེས་གྲོས་གཞི་ཐོ་འགོད་བྱེད་གྲངས་ཀྱི70.8 %ཟིན་ཡོད། སྲིད་ཇུས་ཀྱི་ཚོད་འཛིན་ཐེབས་ནས་གནས་སྐབས་བདག་གཉེར་བྱེད་མི་ཐུབ་པའི་གྲོས་གཞི6ཡོད་པ་དང་། དེས་གྲོས་གཞི་ཐོ་འགོད་བྱེད་གྲངས་ཀྱི8.4 %ཟིན་ཡོད། ཨུ་ཡོན་གྱིས་གནས་ཚུལ་ཕྱིར་ལྡོག་བྱས་པའི་བསམ་འཆར་རེའུ་མིག72ཡོད་པ་དང་། མོས་མཐུན་བྱུང་བའི་གྲོས་གཞི68ཡོད་ལ། དེས94.4 %ཟིན་ཡོད། ཅུང་ཙམ་ཡིད་ཚིམ་པའི་གྲོས་གཞི4ཡོད་ཅིང་། དེས5.6 %ཟིན་ཡོད། ཐོ་འགོད་བྱས་མེད་པའི་གྲོས་གཞི2ནི་སྤྱི་ཚོགས་ཀྱི་གནས་ཚུལ་ལམ་མི་དམངས་ཀྱི་འདོད་བློ་དང་ལས་ཀའི་བསམ་ཕྱོགས་ལྟར་ངོས་བཟུང་སྟེ་འབྲེལ་ཡོད་ལས་ཁུངས་ལ་སྤྲད་ནས་ཐག་གཅོད་བྱས་ཤིང་། གྲོས་གཞི་འདོན་མཁན་ལ་གསལ་བཤད་དང་འབྲེལ་འདྲིས་གནང་ཡོད།

དེའི་བར་སྐབས་སུ། ཁུལ་སྲིད་གྲོས་ཀྱིས་འགོ་ཁྲིད་ཀྱི་རྩ་འཛུགས་ལ་ཤུགས་བསྣན་ཏེ། ནན་ཏན་གྱིས་གྲོས་གཞིའི་ལས་ཀ་སྒྲུབས་ཏེ། འཆར་འགོད་གཅིག་གྱུར་དང་མཐུན་སྦྱོར་གཙིགས་སུ་བཟུང་ལ། མཚམས་མི་ཆད་པར་གསར་སྤེལ་བྱས་ནས། གྲོས་གཞིའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། ལམ་ལུགས་ཀྱི་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བ། གྲོས་གཞི་བདག་གཉེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ལ་ཕན་འབྲས་མངོན་གསལ་བླངས་ཡོད།

2013ལོའི་གྲོས་གཞིའི་ཁྱད་ཆོས་ནི་ལས་ཀའི་ལྟེ་སྙིང་དང་འབྲེལ་ནས་ཇུས་གཞི་བཏོན་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་བྱུང་བར་འབད་བརྩོན་བྱས་ཡོད།

དཀའ་གནད་དང་གནད་དོན་འབུར་ཐོན་ཅན་ལ་དོ་སྣང་བྱས་ནས། དམངས་འཚོ་ལེགས་བཅོས་བྱེད་པར་འབད་བརྩོན་བྱས་ཡོད།

གྲོང་ཁྱེར་དང་གྲོང་རྡལ་གྱི་ཇུས་བཟང་ལ་འཆར་འགོད་གཅིག་གྱུར་བྱེད་པར་ཞབས་ཞུ་སྒྲུབས་ནས། རྨང་གཞིའི་འཛུགས་སྐྲུན་ལ་འབད་བརྩོན་བྱས་ཡོད།

རིག་གནས་དང་སློབ་གསོ་ལ་གཙིགས་ཆེན་གནང་ནས། སྤྱི་ཚོགས་མདུན་སྐྱོད་བྱེད་པར་འབད་བརྩོན་བྱས་ཡོད།

2013ལོའི་གྲོས་གཞིའི་ལས་ཀའི་ཉམས་མྱོང་ནི། འགོ་ཁྲིད་ཀྱིས་གཙིགས་ཆེན་གནང་ནས་རྒྱབ་སྐྱོར་བྱེད་པ་ནི་གྲོས་གཞིའི་ལས་ཀ་ལེགས་པར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། རྗེས་འདེད་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་ནི་གྲོས་གཞི་ལེགས་པར་སྒྲུབ་པའི་སྒུལ་ཤུགས་ཡིན།

ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ཏེ། ལས་ཀའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་ནི་གྲོས་གཞི་ལག་ལེན་དོན་འཁྱོལ་དང་ཕན་འབྲས་དངོས་ཐོབ་པའི་འགན་སྲུང་ཡིན།

2014ལོའི་གྲོས་གཞི་ལས་ཀའི་བླང་བྱ་ནི། ལས་འགན་སེམས་ལ་བཟུང་ནས། མི་དམངས་ཀྱི་ཆེད་དུ་གྲོས་གཞི་འདོན་པའི་འགན་སྒྲུབ་པ། མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར། བློ་གཅིག་སེམས་གཅིག་གིས་གྲོས་གཞི་ཐོ་འགོད་བྱེད་པ། བསམ་ཕྱོགས་གསར་བ་བཙུགས་ནས། མཉམ་དུ་གྲོས་གཞི་ཐག་གཅོད་བྱེད་པ། མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར། བློ་གཅིག་སེམས་གཅིག་གིས་གྲོས་གཞི་ཐོ་འགོད་བྱེད་པ། བསམ་ཕྱོགས་གསར་བ་བཙུགས་ནས། མཉམ་དུ་གྲོས་གཞི་ཐག་གཅོད་བྱེད་པ་བཅས་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག