མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་གསོ་སྦྱོང་བྱས་ཏེ་ཞིང་བའི་བྱང་ཚད་མཐོར་འདེགས་སུ་བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-27 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས19ཉིན་ནས་ཚེས20ཉིན་བར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་བདེ་ཆེན་རྫོང་ཡུན་ལིན་ཤང་ཀའོ་ཉེན་སྡེ་བ་རུ་ཚན་རིག་ལ་བརྟེན་ནས་ཕག་གསོ་བ་དང་རྒྱུན་ཕོག་ནད་རིགས་སྨན་བཅོས་ལག་རྩལ་གསོ་སྦྱོང་སྤེལ། སྡེ་བ་ཡོངས་ཀྱི་ཕོག་གསོ་དུད་ཁྱིམ་གྱི་སློབ་མ80གསོ་སྦྱོང་སྟེང་ཞུགས་པ་དང་སློབ་དེབ80འགྲེམ་གཏོང་བྱས།

 བདེ་ཆེན་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བཞིན་པའི་གོ་སྐབས་དམ་འཛིན་བྱས་པ་དང་།  ས་དེའི་དངོས་ཡོད་གནས་ཚུལ་དང་ཐོན་ལས་འཕེལ་རྒྱས་ལ་བསྟུན་ཅི་ཐད་བྱས་ཏེ།  མི་སྣ་རྩ་འཛུགས་བྱས་ནས་གཞི་རིམ་དུ་ཞིང་བ་མང་ཚོགས་ལ་དགོས་མཁོ་ཡོད་པའི་ལག་རྩལ་གསོ་སྦྱོང་བྱས།  གསོ་སྦྱོང་མ་བྱས་སྔོན་དུ་ཤང་དང་གྲོང་རྡལ་སོ་སོར་སོང་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་།  ཁོ་ཚོའི་དགོས་མཁོ་ལ་དམིགས་ཏེ་ལག་རྩལ་ཕྱོགས་ཀྱི་རྒྱུ་ཆ་འཚོལ་བསྡུ་བྱས་པ་མ་ཟད།  ཆེད་ལས་ལག་རྩལ་མི་སྣ་གདན་ཞུ་བྱས་ཏེ་གསོ་སྦྱོང་ནང་དོན་གྲ་སྒྲིག་ལེགས་པོ་བྱས།

 གསོ་སྦྱོང་ལས་ཁྱོན་ཡོངས་ནས་མང་ཚོགས་ཀྱི་གསོ་སྤེལ་ནུས་རྩལ་མཐོར་འདེགས་སུ་གཏོང་བར་དམིགས་པས།  ནང་དོན་ཐད་ནས་དངོས་བཀོལ་རང་བཞིན་དང་ཚན་རིག་རང་བཞིན།  སྤྱི་ཁྱབ་རང་བཞིན་སོགས་ཁྱད་ཆོས་ལྡན་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག