མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཐང་གྲོང་རྡལ་དུ་སྙུང་གཞི་ཕོག་པའི་བུད་མེད་དཀའ་ཁག་ཅན་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-27 10:21

ཀྲུང་གོའི་བོད་དྲ་བའི་འཕྲིན། ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྒྱལ་ཐང་གྲོང་རྡལ་དུ་སོང་སྟེ་སྙུང་གཞི་ལྗིད་མོ་ཕོག་ཡོད་པའི་བུད་མེད་དཀའ་ཁག་ཅན་གསུམ་ལ་འཚམས་འདྲི་བྱས་པ་མ་ཟད།  བུད་མེད་རེར་སྒོར་ཁྲི1གི་སྨན་བཅོས་རོགས་དངུལ་འགྲེམ་གཏོང་བྱས་པ་དང་།  ཁོ་ཚོའི་དཀའ་ཁག་ཁྱད་དུ་བསད་ནས་དགའ་དགའ་སྤྲོ་སྤྲོ་ངང་འཚོ་བ་རོལ་དགོས་པའི་སྐུལ་མ་བཏང་།

སེམས་ཀྱི་ཉི་ཟླ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ།  ཏང་དང་སྲིད་གཞུང་གི་དྲོད་འཁོལ་མང་ཚོགས་ཁྱིམ་དུ་བསྐྱལ་བ་དང་།  ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དངོས་སེལ་རོགས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག