མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གི་ཞིང་པས་སྣུམ་སྐྱུ་རུ་འདེབས་འཛུགས་བྱེད་པ།

རྩོམ་པ་པོ། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-27 10:21

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཚན་རྩལ་སུའོ་དང་འཇོལ་རྫོང་ནགས་ལས་ཅུས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོ་དང་བསྟུན་ནས། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དང་ཐང་སྟེང་ཤང་དུ་སྣུམ་སྐྱུ་རུའི་འདེབས་འཛུགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་མ་ཟད། ད་དུང་ལས་ཡུལ་དངོས་སུ་དཔེ་སྟོན་དང་སློབ་ཁྲིད་བྱས་པ། ཞིང་དུད་139གསོ་སྦྱོང་དུ་ཞུགས་ནས་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ་རེད།

ཤེས་གསལ་བྱུང་དོན།ཤང་གྲོང་འདི་གཉིས་ནི་རང་ཁུལ་གྱི་སྣུམ་སྐྱུ་རུ་འདེབས་འཛུགས་བྱེད་མང་བ་དང་གཅིག་བསྡུས་ཅན་གྱི་ས་གནས་ཤིག་ཡིན།འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་མུའུ་7000ལྷག་ཟིན་ཏེ།20%ལ་འབྲས་བུ་འདོགས་ཡོད།

མིག་སྔར། འཇོལ་རྫོང་གངས་ལྗོངས་ཞིང་ར་སྐྱེ་དངོས་རྫས་འགྱུར་ཚད་ཡོད་འགན་ལེན་ཀུང་སིས་རྒྱ་མ་གང་ལ་སྒོར26སྤྲད་དེ་སྣུམ་སྐྱུ་རུ་ཉོ་སྒྲུབ་བྱེད་ཡོད་དེ། ཞིང་དུད་ཀྱི་འདེབས་འཛུགས་བྱེད་པའི་བརྩོན་སེམས་མཐོ་ཙམ་བྱུང་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག