མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཅིན་ཅང་གྲོང་རྡལ་གྱིས་གསོ་སྤེལ་ལས་རིགས་དར་སྤེལ་བྱས་ཏེ་མང་ཚོགས་ཕྱུག་འགྱུར་གྱི་གོམ་ཁ་ཇེ་མགྱོགས་སུ་བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-27 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཅིན་ཅང་གྲོང་རྡལ་གྱིས་ཕྱུགས་ཟོག་གསོ་སྤེལ་ལས་རིགས་རྒྱ་ཇེ་ཆེར་བཏང་སྟེ་མང་ཚོགས་ཕྱུག་འགྱུར་གྱི་གོམ་ཁ་ཇེ་མགྱོགས་སུ་བཏང་།

 ཅིན་ཅང་གྲོང་རྡལ་གྱིས་རང་བྱུང་ཐོན་ཁུངས་དང་སྲོལ་རྒྱུན་ཐོན་ལས་གཉིས་བཅས་ལེགས་ཆ་གཉིས་བེད་སྤྱད་དེ།  སྤུས་ལེགས་ས་བོན་ནང་འདྲེན་དང་སྔོན་ཐོན་ལག་རྩལ་གསོ་སྦྱོང་བྱེད་པ།  རྟེན་གཞི་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་སོགས་ཕྱུགས་ལས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་པ་དང་།  ཚན་རིག་གིས་གསོ་སྤེལ་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་ཕྱུགས་ལས་ལག་རྩལ་དེང་རབས་ཅན་དུ་མངོན་འགྱུར་བྱུང་བ་ཧུར་བརྩོན་བྱེད་པ་སོགས་གསོ་སྤེལ་ལས་རིགས་ཕྱོགས་ཀྱི་ཕན་འབྲས་མཐོར་འདེགས་བྱུང་།

ཕན་འབྲས་ཡོད་པའི་བྱེད་ཐབས་སྣ་ཚོགས་སྤྱད་པ་བརྒྱུད།  ཅིན་ཅང་གྲོང་རྡལ་གསོ་སྤེལ་ལས་རིགས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་ཐོན་རྫས་སྤུས་ཚད་ལ་མཐོར་འདེགས་གསར་བ་བྱུང་ཞིང་།  སྔར་ལས་ལྷག་པར་གསོ་སྤེལ་ལས་རིགས་ཞིང་ལས་ཁྲོད་ཀྱི་གལ་ཆེན་རང་བཞིན་མངོམ།  2013ལོར་གྲོང་རྡལ་འདིས་བཤས་གཡག་རྟེན་གཞི་དང་ཕག་གསོ།  སྐྱེ་ཁམས་བྱ་ཕོ་གསོ་སྤེལ་སོགས་ཆེད་ལས་མཉམ་ལས་ཁང་དང་མཐུན་ཚོགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཁུལ་དང་རྫོང་ཕྱུགས་ལས་ཅུའུ་ཡིས་ཐུགས་ཁུར་རྒྱབ་སྐྱོར་བྱས་འོག  བཤས་གཡག་དང་གསོ་ཕག་ལེགས་བསྒྱུར།  ཕྱུགས་ར་གསར་བ་འཛུགས་སྐྲུན་དང་རྩྭ་ར་ལེགས་བསྒྱུར་སོགས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག