མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྡོ་མཁར་གནའ་རྫོང་གི་གནོད་ཕྱིའི་བསྐྱར་སྐྲུན་འཆར་འགོད་ཇུས་གཞི་ལ་ཆེད་མཁའ་པས་ཞིབ་དཔྱོད་བྱས་ཏེ་ཆོག་མཆན་གནང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-25 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། 《སེམས་ཀྱི་ཉི་ཟླའི་རྡོ་མཁར་གནའ་རྫོང་གི་གནོད་ཕྱིའི་བསྐྱར་སྐྲུན་འཆར་འགོད་ཇུས་གཞི》ལ་ཆེད་མཁསཔས་ཞིབ་དཔྱོད་བྱས་ཏེ་ཆོག་མཆན་གནང་།  རྒྱུས་ལོན་པ་ལྟར་ན། འཆར་འགོད་འདིས“ཤམ་ལྷ་ལའི་བདེ་སྐྱིད་གྲོང་ཁྱེར་བསྐྱར་སྐྲུན་བྱེད་རྒྱུ་དང་རྡོ་མཁར་གནའ་རྫོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་དུ་སྙན་ཞུ་ཕུལ་བའི”སྤྱིའི་དམིགས་འབེན་འོག  དེང་སྐབས་དང་རྗེས་མ། སླར་གསོ་དང་འཐུས་ཚང་། སྲུང་སྐྱོང་དང་མཐོར་འདེགས་བྱ་བ་བཅས་ལ་ཆེད་དོན་ཞིབ་འཇུག་བྱས་པ་དང་། ཆེད་དོན་འཆར་འགོད་འོས་འཚན་ཡིན་དགོས་པའི་རྩ་དོན་འོག  གནོད་ཕྱིའི་བསྐྱར་སྐྲུན་བྱ་བའི་རྨང་གཞིའི་རྣམ་གྲངས་ལ་བཀོད་སྒྲིག་བྱས།  ལོ་རྒྱུས་དང་རིག་གནས་ལ་བརྩི་འཇོག་བྱེད་པ་དང་།  ཕན་ཁེ་ལ་དོ་སྣང་བྱེད་དགོས་པའི་འཆར་འགོད་རྩ་དོན་མངོམ་ཡོད་པས།  མེ་སྐྱོན་རྗེས་ཀྱི་གནོད་ཕྱིའི་བསྐྱར་སྐྲུན་བྱ་བར་འཛུབ་སྟོན་ཕྱོགས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད།  རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། བཟོ་སྐྲུན་ཁྱད་ཆོས་རྒྱུན་འཛིན་བྱེད་པ་བཅས་ལ་མཛུབ་སྟོན་གལ་ཆེན་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག