མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལ་བཞི་སྲིད་འཛིན་གྲོང་སྡེའི་རྣམ་པ་གསར་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-25 10:55

 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས་“ཞིང་གསུམ”ལས་ཀ་གཏིང་ཟབ་ཏུ་བྱས་པ་དང་། རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་ནས་འཕེལ་རྒྱས་ཡག་པོ་ཕྱིན་ཡོད་སྟབས། ཞིང་གྲོང་གི་རྣམ་པར་བསམ་གྱིས་མི་ཁྱབ་པའི་འགྱུར་ལྡོག་བྱུང་ཡོད་པ་རེད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཀུང་རྩེ་རལ་གྲོང་རྡལ་ལ་བཞི་གྲོང་གསར་ནི་སྔར་ཡུལ་མཐའ་ཁུག་དང་དབུལ་ཕོངས་ཤིག་ཡིན། ཉེ་བའི་ལོ་འགར་ཞིང་པའི་ཡོང་འབབ་ལྡབ་འགྱུར་གྱིས་ཡར་འཕར་བྱུང་སྟབས། ཁང་ཁྱིམ་ཚང་མ་གསར་དུ་བཞེངས་ཡོད། ཁང་ཁྱིམ་དེ་དག་ནི་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་བྱེད་ཐོག་དེང་རབས་ཅན་གྱི་བཟོ་བཀོད་ལག་རྩལ་གྱི་ཤན་ཞུགས་ཡོད་པ་ཤ་སྟག་ཡིན་པས། འཆམ་མཐུན་དང་ཁུ་སིམ་གྱི་ཞིང་གྲོང་གསར་པའི་རྣམ་པ་ཞིག་མངོན་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག