མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཏང་ཨུས་ཁུལ་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་བསྡུས་ཏེ་རྒྱལ་ཡོངས“གྲོས་ཚོགས་གཉིས”ཀྱི་དགོངས་དོན་སློབ་སྦྱོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-24 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས19ཉིན་གྱི་ཕྱི་དྲོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཁུལ་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་བསྡུས་ཏེ་རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་དཔོན་ཧོང་ཀྲུན་ཧོན་གྱིས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་དགོངས་དོན་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས།  ཁོས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་ལག་ལེན་བྱེད་པ་དང་བཅོས་བསྒྱུར་འཕེལ་རྒྱས་བདེ་འཇགས་ཕྱོགས་ཀྱི་བྱ་བ་སོ་སོར་ཟུང་འབྲེལ་བྱས་ཏེ།  བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་དང་།  མུ་མཐུད་དུ་རྒྱལ་ཡོངས་བོད་ཁུལ་ནས་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་དུས་ཡུན་རིང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས་པ་ནན་གྱིས་བསྟན།

བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ།  བདེ་ཆེན་ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མྰ་ཝུན་ལོན་གྱིས་ཚོགས་འདུར་འགོ་འཛིན་བྱས།

རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱེད་དུས།  ཧོང་ཀྲུན་ཧོན་གྱིས་ཚོགས་འདུའི་ནང་དོན་རགས་བསྡུས་དང་དགོངས་དོན་གཙོ་གནད།  ཁྱད་ཆོས།  གྲུབ་འབྲས་གཙོ་བོ་བཅས་ཡུན་ནན་འཐུས་ཚབ་ཚོགས་པས་གྲོས་ཚོགས་གཉིས་སྐབས་སུ་སྲིད་ཞུགས་གྲོས་མོལ་དང་བསམ་འཆར་བཏོན་པའི་གནས་ཚུལ་སོགས་མཚམས་སྦྱོར་བྱས། ཁོས་གྲོས་ཚོགས་གཉིས་སྐབས་སུ།  ཡུན་ནན་འཐུས་ཚབ་ཚོགས་པས་གྲོས་ཚོགས་བརྗོད་དོན་གཙོར་བཟུང་ནས་གྲོས་ཞིབ་བྱས་པ་དང་།  དམངས་སེམས་མཚོན་པའི་གྲོས་གཞི་མང་པོ་བཏོན།  དེའི་ནང་ཡུན་ནན་དབུས་ཁུལ་གྱི་གསར་སྤེལ་ཁུལ་འཛུགས་སྐྲུན་དང་ཆུ་བེད་འཛུགས་སྐྲུན།  མཐའ་མཚམས་སྒོ་འབྱེད།  མཐའ་མཚམས་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ནང་དོན་འདུས།

ཚོགས་ཐོག་ནས་མྰ་ཝུན་ལོན་གྱིས་ཉེ་ལམ་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱིས་བོད་ཁུལ་བདེ་སྲུང་བྱ་བར་གནང་བའི་ཆོག་མཆན་དགོངས་དོན་བརྒྱུད་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག