མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་ནས་འཇོལ་བར་གཞུང་ལམ་གྱི་ས་ཆུའི་སྲུང་འཛིན་རྣམ་གྲངས་དེ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-24 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས་14ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་ནས་འཇོལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་བསྐྱར་འཛུགས་ལས་གྲྭའི་ས་ཆུའི་སྲུང་འཛིན་རྣམ་གྲངས་དེ་ཞིང་ཆེན་ཆུ་བེད་ཐིང་གི་སྐོར་གཟིགས་པ་གཞོན་པ་ཡན་ཧྥང་གིས་སྣེ་འཁྲིད་པའི་ཆེད་མཁས་ཚོ་ཆུང་གིས་ཞིབ་བཤེར་རྩིས་ལེན་ཐོག་ཁས་བླངས་པ།ཆེད་མཁས་ཚོ་ཆུང་གིས་ལས་ཡུལ་དངོས་སུ་བརྟག་ཞིབ་དང་དཔྱད་ཡིག་ཀློག་པ།སྙན་ཞུ་ཉན་པ་སོགས་བྱས་རྗེས།གཅིག་མཐུན་གྱིས་རྣམ་གྲངས་དེའི་སྤྱི་ཁོག་གི་ཇུས་འགོད་དང་སྤུས་ཚད་ཚད་གཞིར་ལོངས་ཡོད་པ་སྙམ་ནས།ཞིབ་བཤེར་རྩིས་ལེན་གྱི་མོས་མཐུན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།འབའ་ལུང་ནས་འཇོལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དེ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ནས་འགོ་ཚུགས་ཤིང་འཇོལ་རྫོང་རྫོང་མཁར་དུ་སླེབས་ཡོད་ལ།སྤྱིའི་རིང་ཚད་ནི་སྤྱི་ལེ་262.45ཡོད།གཞུང་ལམ་གྱི་ལམ་གཞིའི་རྒྱ་ཞེང་སྨི་8.5ཡོད་པ་དང་།རླངས་འཁོར་བགྲོད་ལམ་གྱི་རྒྱ་ཞེང་སྨི་7ཡོད།ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་40ཡིན།རླངས་འཁོར་གྱི་དོས་འཇོག་ཚད་གཞི་ནི་གཞུང་ལམ་རིམ་པ་གཉིས་པ་ཡིན་ཞིང་།ལམ་ཐིག་སྤྱི་ཡོངས་ལ་ཟམ་ཆེན་ཁག་112བཙུགས་ཡོད་ལ་ཟམ་ཆུང་ཁག3བཙུགས་ཡོད།ཕུག་ལམ་ཁག་8ཡོད་པ་དང་ལམ་འོག་ཆུ་ལམ་ཁག་694ཡོད་ལ་ལམ་མདོ་ཁག་52ཡོད་དེ།ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པའི་གཞུང་ལམ་ཁག་52ཀྱི་ནང་ལས་འཛུགས་སྐྲུན་རིང་ཚད་ཆེས་རིང་ཞིང་མ་དངུལ་གཏོང་བ་དང་ལས་གྲྭ་ཚུགས་ཆེས་དཀའ་བའི་གཞུང་ལམ་ཞིག་ཡིན།ལས་གྲྭའི་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་54.96ཟིན་པའི་གཞུང་ལམ་འདི་2009ལོའི་ཟླ12པའི་ཚེས་10ཉིན་ནས་དངོས་སུ་ལས་འགོ་ཚུགས་ཤིང་2011ལོའི་ཟླ་12པའི་ཚེས་30ཉིན་ལས་གྲྭ་ཡོངས་སུ་རྫོགས་ནས་ལས་གྲྭ་རྩིས་སྤྲོད་པ་དང་ཞིབ་བཤེར་རྩིས་ལེན་བྱས་ཏེ་རླངས་འཁོར་ཤར་བགྲོད་དང་འཁོར་སྐྱོད་ཀྱི་ཚོད་ལྟ་བྱས་པ་རེད།

ཞིབ་བཤེར་རྩིས་ལེན་ཚོགས་འདུའི་ཐོག་ཡན་ཧྥང་གིས་ས་ཆུའི་སྲུང་འཛིན་བྱེད་རྒྱུ་དེ་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན་ཞིང་།འབའ་ལུང་ནས་འཇོལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དེ་བདེ་ཆེན་གྱི་གལ་ཆེའི་དཔལ་འབྱོར་གཞུང་ལམ་ཞིག་ཡིན་ལ།གཞུང་ལམ་དེ་བརྒྱུད་པའི་ས་ཁུལ་ནི “གཙང་གསུམ་མཉམ་བཞུར”ས་ཁུལ་གྱི་ལྟེ་གནས་ཡིན་སྟབས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ལྗིད་པོ་ཡིན་པ་དང་ཆུའི་སྲུང་འཛིན་སྒྲིག་ཆས་ཀྱི་སྤུས་ཚད་ཀྱི་རེ་འདུན་ཡང་མཐོ་པོ་ཡོད་དེ།ཞིང་ཆེན་ཆུ་བེད་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ཡུལ་གཙོ་བོ་ཡིན།སྤྱི་ཁོག་ནས་བལྟས་ན།ལས་གྲྭ་འདིའི་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་ཆ་ཚང་ཡིན་ལ་བྱ་ཐབས་དམིགས་སར་འབྱོར་བ།སྔོ་ཁེབས་ཀྱི་སླར་གསོ་ལེགས་པོ་ཡིན་ཞིང་སྤུས་ཚད་དེ་ཇུས་འགོད་ཀྱི་ཚད་གཞིར་ལོངས་ཡོད་ཅེས་བསྟན་པ་རེད།མི་འདང་སའི་ལེགས་བཅོས་ཐད་ལ་ཁོང་གིས་ཞིབ་ཕྲའི་རེ་བ་བཏོན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག