མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་བོད་རིགས་ས་ཁུལ་གྱི་རོང་འབྲོག་པའི་བུ་བུ་མོ་སློབ་གསོ་གཟིགས་སྐྱོང་སྲིད་ཇུས་ལས་ཕན་ཁེ་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-20 10:08

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས17ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སློབ་ཆུང་དང་པོའི་བོད་རིགས་མཚེ་མ་ཚེ་རིང་གཡང་འཛོམས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱིས་རིན་མི་དགོས་པའི་ཟ་མ་ལོངས་སུ་སྤྱོད་བཞིན་ཡོད་པའི་ཚུལ་རེད།  ཉེ་བའི་ལོ་འགའི་རིང་། ཡུན་ནན་དང་བོད་ལྗོངས་ཀྱི་མཐའ་མཚམས་སུ་ཆགས་ཡོད་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱས་ཏེ།  མཐོ་སྒང་གི་རོང་འབྲོག་པའི་བུ་བུ་མོའི་འཚོ་བའི་ཁ་གསབ་རོགས་སྐྱོར་དང་།  འོས་འགན་སློབ་གསོ་སྐབས་ཀྱི་རོང་འབྲོག་པའི་བུ་བུ་མོའི་འཚོ་བཅུད་ལེགས་བཅོས་འཆར་འགོད་དང་རྒྱལ་ཁབ་ཀྱི“མི་བསྡུ་བ་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་སོགས་སློབ་གསོ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད།  རོང་འབྲོག་པའི་བུ་བུ་མོ་ཁྲི5ལྷག་ལ་ཕན་ཁེ་ཐོབ།  གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སློབ་ཆུང་དང་པོ་རུ་བཅར་འདྲི་བྱེད་དུས་རྒྱུས་ལོན་པ་ལྟར་ན།  ས་དེའི་སློབ་མ་རེར་ལོ་རེའི་ཁ་གསབ་རོགས་དངུལ་སྒོར3000འགྲེམ་གཏོང་བྱེད་ཀྱིན་ཡོད་ལ། སློབ་མའི་ཟ་མ་དང་འདུག་ས་སོགས་རིན་མི་དགོས་པ་མ་ཟད།  སློབ་གྲྭས་ད་དུང་སློབ་མ་ཚོར་སློབ་སྦྱོང་དང་འཚོ་བའི་ཡོ་བྱད་གཅིག་གྱུར་སྒོས་འགྲེམ་གཏོང་བྱེད་བཞིན་ཡོད། མིག་སྔར་ཡུན་ནན་ཞིང་ཆེན་བོད་ཆེན་བོད་ཁུལ་དུ་སློབ་ལོ་རེན་པའི་བྱིས་པ་སློབ་གྲྭ་ཞུགས་ཚད་དང་དམའ་འབྲིང་དུ་སློབ་གྲྭ་འགྲིམ་ཚད100%ལ་སླེབས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག