ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་སློབ་ཆུང་དང་པོའི་སློབ་མས་ཞབས་བྲོ་ཁང་དུ་མི་རིགས་ཞབས་བྲོ་འཁྲབ་བཞིན་པའི་ཚུལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་སློབ་ཆུང་དང་པོ་ནི་ཡུན་ནན་དང་བོད་ལྗོངས་ས་མཚམས་ཀྱི་ཤར་དཀར་གངས་རིའི་འདབས་སུ་ཆགས་ཡོད་ལ། སློབ་གྲྭ་འདི་ནི་ས་དེའི་ཤང་དང་གྲོང་རྡལ་གྱི་སློབ་གྲྭ་བཞི་གཅིག་བསྡུ་བྱས་ཏེ་བཙུགས་པའི་སློབ་ཆུང་ཞིག་ཡིན་པ་དང་ད་ལྟ་སློབ་མ1210ཡོད། དེའི་ནང་སློབ་མ་མང་ཆེ་ཤས་བོད་རིགས་ཡིན། སློབ་གྲྭའི་སློབ་ཁྲིད་ཀྱི་སྒྲིག་ཆས་ཚང་མ་གསར་སྐྲུན་བྱས་པ་མ་ཟད། སློབ་མའི་ཟ་མ་དང་འདུག་ས་སོགས་རིན་མི་དགོས་པ་དང་། སློབ་གྲྭས་ད་དུང་སློབ་སྦྱོང་དང་འཚོ་བའི་ཡོ་བྱད་གཅིག་གྱུར་སྒོས་འགྲེམ་གཏོང་བྱེད་ཀྱིན་ཡོད། སློབ་ཆུང་འདིའི་ནང་ཁྱོན་ཡོངས་ནས་བྱང་ཚད་སློབ་གསོ་སྤེལ་བཞིན་ཡོད་ལ། སྲོལ་རྒྱུན་གྱི་སློབ་ཁྲིད་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་། མི་རིགས་ཞབས་བྲོ་དང་མི་རིགས་ལུས་རྩལ། མི་རིགས་རི་མོ་སྒྱུ་རྩལ་སོགས་སློབ་གསེང་བར་གྱི་བྱ་འགུལ་ཕན་སུམ་ཚོགས་པ་བཀོད་སྒྲིག་བྱས་ཡོད། མིག་སྔར། རི་གྲོང་ནས་ཐོན་པའི་བྱིས་པ་རྣམས་ཀྱི་གནས་འདི་ནས་སྤུས་བཟང་སློབ་གསོ་ཐོན་ཁུངས་ལོངས་སྤྱོད་བྱེད་ཐུབ་པ་དང་། དེང་རབས་ཅན་གྱི་སློབ་ཁང་ནས་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་བདེ་སྐྱིད་ངང་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པ་རེད། །