མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་དོན་དངོས་ལ་བརྟེན་ཏེ་མང་ཚོགས་ཀྱི་ལམ་ཕྱོགས་སློབ་གསོ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-20 10:08

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱས་པ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་དོན་དངོས་ལ་བརྟེན་པ་དང་། བྱེད་སྒོའི་བརྗོད་བྱ་གཙོ་བོ་དམ་འཛིན་བྱས་ཏེ། སློབ་གསོ་ལག་བསྟར་བྱེད་པ་དེ་བརྟན་བརླིང་སྲུང་ནས་གོང་སྤེལ་ལ་སྐུལ་འདེད་གཏོང་བ་དང་བསྟུན་ཏེ། གཏིང་ཟབ་དང་ནན་པོའི་ངང་བྱས་པ་རེད།

“སྤྱོད་ངན་ཁག་བཞི”ལ་དམིགས་ཏེ་སྤྱོད་ཚུལ་བསྒྱུར་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་དང་ཞིང་ཨུའི་འབྲེལ་ཡོད་ལག་བསྟར་བྱ་ཐབས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དེ་འགོ་ཚུགས་སར་བྱས་ནས། དོན་དངོས་དང་བསྟུན་ཏེ་དུས་ཐོག་ཏུ་ཁུལ་ཨུའི《ལག་བསྟར་བྱ་ཐབས》གཏན་འབེབས་བྱས་ཤིང་། ཞིབ་འཇུག་ཚོ་ཆུང་མངག་སྟེ་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཁུལ་ཡོངས་ཀྱིས་མང་ཚོགས་ལས་ཀ་ཡག་པོ་སྒྲུབ་པའི་སྐོར་གྱི་ཆེད་དོན་ཞིབ་འཇུག་བྱས་པ་དང་། ནན་ཏན་གྱིས་རིམ་པ་ཁག་གི་ལས་ཁུངས་དང་སྡེ་ཁག་སོ་སོས“སྤྱོད་ངན་ཁག་བཞི”ཡི་ཐད་དུ་ཡོད་པའི་ཡོངས་ཁྱབ་ཅན་གྱི་གནད་དོན་ཞིབ་བཤེར་བྱས་ནས། གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ། ནན་ཏན་གྱིས་ལས་བྱེད་པ་འགའ་ཤས་ཀྱིས་བརྟན་བརླིང་སྲུང་བའི་བསམ་བློའི་ངོས་འཛིན་དམིགས་སར་འབྱོར་མེད་པ་དང་ལས་ཀ་སྒྲུབ་ཐབས་མི་ལེགས་པ་སོགས་དངོས་གཞིའི་གནད་དོན་བསྒྱུར་ནས།སྔར་ལས་ལྷག་པར་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ་དང་སྤྱི་ཚོགས་ཀྱི་བརྟན་བརླིང་སྲུང་བའི་ལས་ཀ་ཁག་ཡག་པོ་བསྒྲུབས་པ་རེད།

“ཁུལ་བཞི”ཡི་འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ་གོང་སྤེལ་གཏོང་བར་ཤུགས་བསྣན་པ། སློབ་གསོ་ལག་བསྟར་བྱེད་སྒོ་དང་བདེ་ཆེན་ཁུལ་གྱི་དོན་དངོས་དང་བསྟུན་ཏེ། སྐྱེ་ཁམས་ལ་བརྟེན་ནས“ཁུལ་བཞི”ཡི་འཐབ་ཇུས་གཏིང་ཟབ་ཀྱིས་སྐུལ་འདེད་བཏང་བ། སྔར་ལས་ལྷག་པར“8·28” “8·31”ས་འགུལ་གྱི་གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ཇུས་གཞི་འཐུས་ཚང་དུ་བཏང་ནས། གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་བདེ་སྐྱིད་ཀྱི་དཔེ་སྟོན་གྲོང་གི་འཛུགས་སྐྲུན་དང་དབུལ་སྐྱོར། སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བདག་སྐྱོང་བྱེད་པ། ཁྱད་ལྡན་ཅན་གྱི་ཐོན་ལས་གསོ་སྐྱོང་བྱེད་པ་སོགས་དང་བསྟུན་ནས། མུ་མཐུད་དུ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པའི“1·11”སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་་མེ་སྐྱོན་ཐེབས་རྗེས་ཀྱི་བསྐྱར་སྐྲུན་འཆར་གཞི་གཏན་འབེབས་བྱས་ནས། དམིགས་སུ་བཀར་ཏེ་དམངས་འཚོ་འགན་སྲུང་བྱས་པ་དང་། ད་ལོའི་ལོ་འཇུག་ཏུ་ཡུལ་མིའི་སྡོད་ཁང་གི་སླར་གསོ་བསྐྱར་སྐྲུན་བྱེད་པའི་ལས་འགན་དང་། སྒྲིག་ཆས་གཞན་དག་ལོ་གསུམ་གྱི་ནང་དུ་ལེགས་འགྲུབ་བྱུང་བར་འབད་བརྩོན་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག