མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ས་གནས་ཁག་གིས་སྔ་རྗེས་སུ“སྟོང་སྐུལ”ལས་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-20 10:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལས་བྱེད་པ་སྟོང་ཚོ་གཞི་རིམ་དུ་བསྐྱོད་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་པའི་བྱེད་སྒོ་དང་།འབོར་ཐེངས་བརྒྱད་པའི་གྲོང་གསེབ་གསར་པའི་འཛུགས་སྐྲུན་གྱི་མཛུབ་སྟོན་པའི་གཤམ་གཏོང་སྐུལ་སློང་ཚོགས་འདུ་འཚོགས་རྗེས།རང་ཁུལ་གྱི་ས་གནས་ཁག་གིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས“སྟོང་སྐུལ”ལས་ཀ་གཏིང་ཟབ་ཀྱིས་བྱེད་པ་རེད།

ཟླ་3ཚེས་5ཉིན།སེམས་ཀྱི་ཉི་ཟླ་རྫོང་གིས་ཁུལ་ཡོངས་ཀྱི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལས་བྱེད་པ་སྟོང་ཚོ་གཞི་རིམ་དུ་བསྐྱོད་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་པའི་ལས་ཀ་འགོ་ཚུགས་པ་རེད།

བཀོད་སྒྲིག་ལྟར།རྫོང་དེ་ཡིས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་སྲིད་ལས་ཁུངས་དང་བྱ་གཞག་དང་ཁེ་ལས་སྡེ་ཁག ཞིང་ཆེན་ཁོངས་གཏོགས་རྫོང་དུ་བཅའ་སྡོད་ལས་བྱེད་ལས་བཟོའི་ལྔ་ཆ་གཅིག་གི་བསྡུར་ཚད་ལྟར།ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་ལས་སྒྲུབ་ནུས་ཤུགས་ཆེ་བ།སྤྱོད་ཚུལ་བཟང་བ།ལུས་ཁམས་བདེ་ཐང་བཅས་ཡིན་པའི་ལས་བྱེད་མི་སྣ402་མངགས་ཤིང་།གཞན་ཡང་ཁུལ་རིམ་པ་ནས་ཐིང་རིམ་པའི་འགོ་ཁྲིད་16དང་ཁྲུའུ་རིམ་པའི་འགོ་ཁྲིད་31 ལས་བྱེད་མི་སྣ་83བཅས་མངགས་ཏེ།ཁྱོན་བསྡོམས་ལས་བྱེད་པ་532གྲོང་སྡེ་དང་ཚོ་ཆུང་(དགོན་སྡེ)ཁག་ལ་ཞུགས་ཏེ་ལས་ཀ་བྱེད་འགོ་ཚུགས་པ།གྲོང་རྡལ་དང་ཤང་རེ་ལ་ཐིང་རིམ་པའི་འགོ་ཁྲིད་1གིས་མཛུབ་སྟོན་ཚོ་ཆུང་གི་འགོ་འཛིན་བྱེད་པ་དང་།སྒྲིག་གཞི་ཆ་ཚང་བའི་གྲོང་སྡེ་1ལ་ཁྲུའུ་རིམ་པའི་འགོ་ཁྲིད་1གིས་ལས་དོན་ཚོ་ཆུང་གི་འགོ་འཛིན་བྱེད་རྒྱུ་ཁག་ཐེག་བྱས་པ་རེད།

རྫོང་དེའི“སྟོང་སྐུལ”གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན།ཐེངས་འདིའི་བྱེད་སྒོའི་ལས་འགན་ཏེ།གཅིག་ནི་དྲིལ་བསྒྲགས་བྱེད་རྒྱུ་དམ་འཛིན་བྱེད་པ་དང་མི་སེམས་གོང་བུར་འགྲིལ་བ་བྱེད་རྒྱུ་དང་།གཉིས་ནི་དོན་འཁྱོལ་དམ་འཛིན་བྱེད་པ་དང་དམངས་ཕན་ཡོང་ཐབས་བྱེད་རྒྱུ།གསུམ་ནི་སྐྱེ་ཁམས་སྲུང་སྐྱོང་དམ་འཛིན་བྱས་ནས་ཁོར་ཡུག་ལེགས་སུ་གཏོང་རྒྱུ།བཞི་ནི་དོ་དམ་བྱེད་རྒྱུ་དམ་འཛིན་བྱས་ནས་འཆམ་མཐུན་ལ་སྐུལ་འདེད་གཏོང་རྒྱུ།ལྔ་ནི་རྨང་གཞི་འཛུགས་སྐྲུན་དམ་འཛིན་བྱས་ནས་མཁར་རྫོང་སྲ་བརྟན་དུ་གཏོང་རྒྱུ་བཅས་རེད།

རྫོང་དེ་ཡིས་ད་དུང་ཁུལ་ཨུའི་རྒྱུན་ཨུ་དང་སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲིང་ཞང་གིས་ཚོ་ཆུང་གི་འགོ་འཛིན་བྱེད་པའི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལས་བྱེད་སྟོང་ཚོ་གཞི་རིམ་དུ་བསྐྱོད་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་པའི་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་བཙུགས་ཡོད་ལ།ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་དང་ཤང་དང་གྲོང་རྡལ་གྱི་མཛུབ་སྟོན་ཚོ་ཆུང་།དགོན་སྡེའི་ལས་བྱེད་ཚོ་ཆུང་སོགས་ལས་དོན་སྒྲིག་གཞི་བཙུགས་ནས།ལས་ཚན་ཁག་དོན་འཁྱོལ་བྱེད་པའི་འགན་འཁྲི་འཁུར་བ་རེད།

ཟླ་3ཚེས་6ཉིན།བདེ་ཆེན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཆུས་ཀྱིས“སྟོང་སྐུལ”དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལས་བྱེད་མི་སྣའི་གཤམ་གཏོང་ཚོགས་འདུ་འཚོགས་པ།ཁུལ་མི་དམངས་འཐུས་ཚོགས་ཀྱི་སྐོར་གཟིགས་པའི་ཐོབ་ཐང་ལོངས་སུ་སྤྱོད་པའི་འགོ་ཁྲིད།ཁུལ་ཨུའི“སྟོང་སྐུལ”བྱེད་སྒོའི་མཛུབ་སྟོན་ཚོ་ཆུང་གི་འགོ་འཛིན་ཧོ་ཨ་ཧྲུའུ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག རྣམ་གཡེང་གི་བསམ་བློ་སེལ་བ་དང་“སྟོང་སྐུལ”གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་པ།འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་དགོས་ཤིང་།སྤྱོད་ཚུལ་བསྒྱུར་བ་དང་བདེན་འཚོལ་དངོས་གཉེར་བྱེད་པ།ལས་ཀའི་ཁྲོད་དུ་འདུ་ཤེས་རིམ་པ་གཅིག་མཐོ་རུ་གཏོང་བ་དང་སློབ་སྦྱོང་གོམ་པ་གང་ཟབ་ཏུ་གཏོང་བ།ལག་ལེན་གོམ་གང་སྔོན་ཚུད་དུ་བྱེད་པའི་བླང་བྱ་ལྟར།ཁེངས་སྐྱུང་གིས་གཞི་རིམ་གྱི་བསམ་འཆར་ཉན་ནས།ལག་ལེན་ཁྲོད་དུ་མང་ཚོགས་ཀྱི་ལས་ཀ་སྒྲུབ་པའི་ནུས་ཤུགས་དང་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས་པ་དང་།ཡང་དག་པའི་ངང་“སྟོང་སྐུལ”གྱི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པ་ངེས་དགོས་ཞེས་བསྟན་པ་རེད།

གཞན་ཡང་ཤེས་རྟོགས་བྱུང་དོན།ཉེ་སྔོན།འབའ་ལུང་རྫོང་དང་འཇོལ་རྫོང་གིས་ཀྱང་སྔ་རྗེས་སུ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལས་བྱེད་སྟོང་ཚོ་གཞི་རིམ་དུ་བསྐྱོད་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་པའི་ལས་ཀ་བྱེད་འགོ་ཚུགས་ཏེ།ལས་ཁུངས་ཀྱི་ལས་བྱེད་པ་གཞི་རིམ་དུ་ཟབ་འཇུག་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་འཇུག དངོས་ཡོད་ལ་ཟབ་འཇུག་བཅས་བྱེད་པར་སྐུལ་འདེད་གཏོང་ཞིང་།“དྲིལ་བསྒྲགས་དམ་འཛིན་བྱེད་པ་དང་མི་སེམས་གོང་བུར་འགྲིལ་བ།དོན་འཁྱོལ་དམ་འཛིན་བྱེད་པ།དམངས་འཚོར་ཕན་ཐོགས་པ།སྐྱེ་ཁམས་སྲུང་སྐྱོང་དམ་འཛིན་བྱེད་པ།ཁོར་ཡུག་ལེགས་སུ་གཏོང་བ།དོ་དམ་བྱེད་རྒྱུ་དམ་འཛིན་བྱེད་པ།འཆམ་མཐུན་ལ་སྐུལ་འདེད་གཏོང་བ།རྨང་གཞི་འཛུགས་སྐྲུན་དམ་འཛིན་བྱེད་པ།མཁར་རྫོང་བརྟན་དུ་གཏོང་བའི”ལས་འགན་ཁག་ལྔ་ལ་དམ་པོར་གཞིགས་ནས།མི་དམངས་ཀྱི་བསམ་འདུན་ཤེས་རྟོགས་བྱེད་པ་དང་བསྒྱུར་བཅོས་འཕེལ་རྒྱས་དང་བརྟན་ལྷིང་ལས་ཀའི་ཁྲོད་དུ་གནས་པའི་འབུར་དུ་ཐོན་པའི་གནད་དོན་དང་མང་ཚོགས་ཀྱིས་ཚོར་སྣང་དྲག་པོ་བྱེད་ཅིང་ཐག་གཅོད་པའི་རེ་བ་ཆེས་ཆེ་བ་བཅོལ་ཡོད་པའི་གནད་དོན་བཙལ་འཚོལ་དང་ཐག་གཅོད་བྱེད་པའི་ལས་ཀ་བྱེད་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག