མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ལས་ཁུངས་ཆེན་མོ་ཁག་གིས་སྔ་རྗེས་སུ་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་བྱེད་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-14 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས་24ཉིན་གྱི་ཕྱི་དྲོ། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལྷན་སྤྱི་དང་ལས་ཁུངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོའི་སྐུལ་སློང་ཚོགས་འདུ་འཚོགས་པ།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི།ཀྲུའུ་རེན་ལི་ཚང་ཀོང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་སྐུལ་སློང་གསུང་བཤད་གནང་བ།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་རྩ་འཛུགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ་རེད།

ལི་ཚང་ཀོང་གིས་སྐུལ་སློང་གསུང་བཤད་གནང་དུས།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་པ་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་ཁུངས་འཛུགས་སྐྱོང་གི་དངོས་ཡོད་ཀྱི་དགོས་མཁོ་ཡིན་ལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་བྱེད་རུ་ཁག་གི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་དགོས་འདུན་ཀྱང་ཡིན།ཁུལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཨུ།ཁུལ་ཨུ་བཅས་ཀྱི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར།སློབ་གསོ་ལག་བསྟར་བྱེད་སྒོའི་གཞི་རྩའི་ལས་རིམ་མི་ཉུང་བ་བྱེད་པ་དང་བབ་བསྟུན་བསྒྱུར་བཅོས་མི་གཏོང་བྱེད་དགོས་ཤིང་།བྱ་རིམ་ཁག་གི་ལས་ཀའི་བབ་དང་བསྟུན་ནས་བཀོད་སྒྲིག་བྱེད་པ་དང་གནད་དོན་ཐག་གཅོད་བྱེད་པའི་ཐོག་ལ་ཤུགས་འཇོག་པ།གནད་དོན་ཅི་ཡོད་ན་ཅི་ཐག་གཅོད་བྱེད་དགོས་ཞེས་བསྟན་པ་རེད།

ལི་ཚང་ཀོང་གིས་སློབ་གསོ་ལག་བསྟར་བྱེད་པ་དེ་དུས་ཚོད་བྲེལ་འཚབ་ཆེ་ལ།ལས་འགན་ཆེ་ཞིང་རེ་འདུན་མཐོ་བ་ཡིན་པས།ཚང་མས“གཙོ་བོ་གསུམ་དང་རྩ་དོན་དྲུག བྱ་རིམ་གསུམ།རྒྱུན་འཁྱོངས་ལྔའི”རེ་འདུན་ལྟར།ཚད་མཐོའི་མཐོང་ཆེན་བྱེད་པ་དང་དོན་འཁྱོལ་དམ་འཛིན་བྱེད་དགོས།གཅིག་ནས་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་།གཉིས་ནས་ལྟ་སྐུལ་མཛུབ་སྟོན་དམིགས་སར་འབྱོར་བ་བྱེད་དགོས།གསུམ་ནས་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་དགོས་ཞེས་བསྟན།

ཟླ2ཚེས་27ཉིན། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཏང་རྩ་འཛུགས་ཀྱིས་ཁུལ་སྲིད་གཞུང་རྒྱུན་ལས་ཚོགས་འདུ་ཁང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོའི་སྐུལ་སློང་ཚོགས་འདུ་འཚོགས་པ།ཁུལ་སྲིད་གཞུང་གི་འགོ་ཁྲིད་ལྷན་སྤྱིའི་ཁོངས་མི་ཚོགས་འདུར་ཞུགས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧོང་ཀྲེང་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཧོང་ཀྲེང་ཧུང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་འདང་ངེས་བྱེད་དགོས་པ་དང་།ཏང་ཡོངས་སུ་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དོན་དངོས་སྒྲུབ་པ།སྲིད་གཙང་སྤྱོད་གཙང་བཅས་ནང་དོན་གཙོ་བོར་བྱས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་གཏན་འབེབས་བྱས་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་།ཏང་རང་ཉིད་དག་གཙང་དུ་འགྱུར་བ་དང་རང་ཉིད་འཐུས་ཚང་དུ་གཏོང་བ།རང་ཉིད་གསར་བཅོས་བྱེད་པ།རང་ཉིད་ཀྱི་ནུས་ཤུགས་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན།དེས་ངེད་ཏང་གིས་རང་ཉིད་ཀྱི་གནད་དོན་ལ་དོ་སྣང་བྱེད་པའི་ཆབ་སྲིད་ཀྱི་སྤོབས་པ་དང་།སྤྱོད་ཚུལ་འཛུགས་སྤེལ་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་ཆོད་སེམས་བཅས་གང་ལེགས་མཚོན་ཡོད།ཁུལ་སྲིད་གཞུང་ནི་ཁུལ་ཡོངས་ཀྱི་སྲིད་འཛིན་ལས་ཀའི་འགོ་ཁྲིད་ལས་ཁུངས་ཡིན་པའི་ཆ་ནས།འགོ་ཁྲིད་ལྷན་སྤྱི་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ནི་དེ་བས་གལ་ཆེན་ཡིན་ཞིང་།སྲིད་སྐྱོང་སྲོལ་འཛུགས་སྤེལ་དེ་སྤྱོད་ཚུལ་འཛུགས་སྤེལ་ལ་ཤུགས་རྐྱེན་ཐད་ཀར་ཐེབས་རྒྱུ་རེད།ཏང་རྩ་འཛུགས་ཀྱི་ཁོངས་མིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་ཆེ་བའི་རང་བཞིན།དམིགས་བསལ་གྱི་དམིགས་སའི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་དགོས་ཤིང་།ཏན་ཏིག་གིས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཐོག་ཏུ་གཅིག་གྱུར་ཡོང་བ་དང་།ཀྲུང་དབྱང་དང་ཞིང་ཨུ།ཁུལ་ཨུ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་ཏུ་གཅིག་གྱུར་ཡོང་བ་བྱས་ནས།འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་བ་དང་བྱ་སྤྱོད་མགྱོ གས་མྱུར་བྱེད་པ།སྣེ་འཁྲིད་ནས་ནང་དུ་ཞུགས་ཤིང་།ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་ངང་སློབ་གསོ་ལག་བསྟར་ཡག་པོ་བྱེད་པ།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གཞུང་དང་སྲིད་གཞུང་མ་ལག་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ལ་མིག་དཔེ་བསྟན་ནས།བདེ་ཆེན་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འཆམ་མཐུན་འཕེལ་རྒྱས།མཆོང་སྐྱོད་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་སྟེ།ཀྲུང་གོའི་ཕུགས་འདོན་གྱི་བདེ་ཆེན་ལེ་ཚན་འབྲི་བར་འབད་བརྩོན་བྱེད་དགོས་ཞེས་བསྟན་པ་རེད།

ཟླ2ཚེས་27ཉིན། བདེ་ཆེན་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ལྷན་སྤྱི་དང་ལས་ཁུངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་གཏིང་ཟབ་ཏུ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།ཁུལ་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི།ཀྲུའུ་ཞི་ཏུའུ་ཡུང་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོ་དེ་“གཏིང་ཟབ་དང་དངོས་གནས།གཟབ་ནན”བྱ་རྒྱུར་དོ་སྣང་བྱེད་པ་དང་།མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ།མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་རྒྱུའི་འདུ་ཤེས་དེ་སློབ་གསོ་ལག་བསྟར་གྱི་བྱ་རིམ་ཡོངས་སུ་ཁྱབ་པར་བྱེད་དགོས་ལ།བྱ་ཐབས་ནུས་ལྡན་སྤྱད་ནས་སློབ་གསོ་ལག་བསྟར་བདེ་བླག་ངང་བྱེད་རྒྱུ་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།ཁུལ་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཁོངས་མི་སོགས་གྲོས་ཚོགས་སུ་ཞུགས་པ་རེད།

ཏུའུ་ཡུང་ཁྲུན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་པ་དེ་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་མངོན་དུ་འགྱུར་བའི་འཐབ་ཇུས་ལས་འགན་གྱི་ལྡོག་མེད་ཀྱི་དགོས་འདུན་ཡིན་ཞིང་།སྔར་ལས་ལྷག་པར་སྲིད་གྲོས་ཀྱི་འགན་ནུས་དར་སྤེལ་གཏོང་བའི་གལ་ཆེའི་འགན་ལེན་ཡིན་ལ།རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་དང་མངོན་འགྱུར་ཡག་པོ་ཡོང་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་འགོ་ཚུགས་ས་དང་དམིགས་ཡུལ་ཡིན་ཞེས་བསྟན།ཁོང་གིས་ཁུལ་སྲིད་གྲོས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མུ་མཐུད་དུ་ལས་ཀ་བྱེད་ཐབས་ལེགས་སུ་གཏོང་བ་དང་།སྔར་ལས་ལྷག་པར་མང་ཚོགས་དང་འབྲེལ་འདྲིས་བྱེད་ཅིང་མི་དམངས་ལ་ཐུགས་ཁུར་བྱེད་པ།ཏན་ཏིག་གིས་མི་དམངས་ཀྱི་ཆེད་དུ་གྲོས་མོལ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་ལྟ་སྐུལ་བྱེད་པ།མི་དམངས་ཀྱི་ཆེད་དུ་སྲིད་གཞུང་ལ་ཞུགས་ནས།སྲིད་གྲོས་ལས་ཀའི་བྱེད་ནུས་དང་དངོས་ཕན་མཐོ་རུ་བཏང་སྟེ།ཧུར་ཐག་གིས་ཁུལ་སྲིད་གྲོས་ཀྱི་ལས་ཀ་དེ་ཨུ་ཡོན་གྱིས་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་ལས་རིགས་ཁག་གིས་ཁས་བླངས་པ།ཁུལ་ཨུ་ཡིད་ཚིམ་པ།ཞིང་ཆེན་ནང་ལ་ཁྱད་ཆོས་ལྡན་པ།བོད་ཁུལ་དུ་བག་ཆགས་འཇོག་པ་བཅས་བྱེད་དགོས་ཞེས་བསྟན།

ཏུའུ་ཡུང་ཁྲུན་གྱིས་སློབ་གསོ་ལག་བསྟར་བདེ་བླག་ངང་བྱེད་པའི་ཆེད་དུ།དྲང་ཕྱོགས་ནས་སློབ་གསོ་བྱེད་རྒྱུ་གཙོ་བོར་བྱེད་པ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད།དངོས་ཕན་ཡོང་རྒྱུ་བཅས་ལ་དོ་སྣང་བྱེད་པ།འགོ་ཁྲིད་ཀྱིས་སྣེ་འཁྲིད་པ་དང་སྲིད་གྲོས་ཀྱི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་དགོས་ཞེས་རེ་བ་བཏོན་པ་རེད།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག