མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཕྱུགས་ལས་གནས་གཞིའི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-13 10:37

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཕྱུགས་ལས་ཐོན་ལས་ཅན་གྱི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་ཞིང་།ཐོན་ལས་ཅན་གྱི་ཆུ་ཚད་ལེགས་སྒྱུར་བྱས་པ་དང་།གཞི་ཁྱོན་ཅན་གྱི་གསོ་སྤེལ་ཇེ་མགྱོགས་སུ་བཏང་བ་རེད།

ཉེ་ཆར་ལོ་ཤས་རིང་།སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཚན་ཁག་གིས་གསོ་སྤེལ་གཞི་ཁྱོན་ཅན་དུ་བཏང་བ་དང་།ཐོན་སྐྱེད་ཚད་ལྡན་དུ་སྒྱུར་བ།གཉེར་སྐྱོང་ཚོང་ར་ཅན་དུ་སྒྱུར་རྒྱུ་ནི་ཕྱུགས་ལས་དར་སྤེལ་གྱི་གལ་ཆེའི་ལས་ཀ་ཞིག་ཏུ་བཟུང་སྟེ།གསོ་སྤེལ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན།ཐོན་ལས་ཅན་དུ་དར་སྤེལ་བྱས་ཏེ།ཕྱུགས་ལས་ཀྱི་ལག་རྩལ་ཁྱབ་སྤེལ་བྱས་ཤིང་།ཧུར་ཐག་གིས་ཐོན་ལས་ཅན་གྱི་གཉེར་སྐྱོང་མ་ལག་གསར་དུ་འཛུགས་པ་དང་འཐུས་ཚང་དུ་བཏང་བ།གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ལ་སྐུལ་སྤེལ་བྱས་ཏེ།ཕྱུགས་ལས་ལག་རྩལ་གྱི་ཁྱབ་སྤེལ་དང་ཐོན་སྐྱེད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།ཕྱུགས་ལས་དར་སྤེལ་མྱུར་དུ་གཏོང་བར་སྐྱེ་སྟབས་གསར་པ་བཏོད་པ་རེད།

2013ལོར། རྫོང་ཡོངས་སུ་གསོན་ཕག་གི་གསོ་སྤེལ་སྡེ་ཁུལ(མཉམ་ལས་ཁང་དང་།མཐུན་ཚོགས།ཀུང་སི།གནས་གཞི་སོགས་29བཙུགས་པ་དང་།ཁྱད་ལྡན་ཕག་རྒོད་ཀྱི་གསོ་སྤེལ་མཐུན་ཚོགས(མཉམ་ལས་ཁང4བཙུགས་ཡོད།བཤས་ནོར་གྱི་གསོ་སྤེལ་སྡེ་ཁུལ(མཉམ་ལས་ཁང་དང་།མཐུན་ཚོགས)18དང་། ར་མའི་གསོ་སྤེལ་སྡེ་ཁུལ(མཉམ་ལས་ཁང་དང་།མཐུན་ཚོགས)7ཡོད་ལ། བྱའི་གསོ་སྤེལ་མཐུན་ཚོགས(མཉམ་ལས་ཁང་དང་ཀུང་སི)6བཙུགས་ཡོད་པ་དང་།ལོ་རེའི་ཐོན་ཚད་5000ཡན་གྱི་གསོན་ཕག་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་1ལ་མ་དངུལ་གཏོང་ནས་འཛུགས་སྐྲུན་བྱས་ཟིན་པ་དང་།ལོ་རེའི་ཐོན་ཚད་500ཡན་གྱི་གསོན་ཕག་གི་གསོ་སྤེལ་སྡེ་ཁུལ་4བཙུགས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག