མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཞིང་གྲོང་གི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པས་བདེ་ཆེན་ཁུལ་ཡོངས་སུ་ཁེབས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-12 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་རིམ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས། ཞིང་གྲོང་གི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མི་རེའི་མ་དངུལ་བསྡུས་ཚད་ནི་སྒོར380ཡིན། མི་རེའི་སྒོར་60བསྡུ་དགོས་པའི་དངུལ་དེ་རྫོང་རིམ་པའི་དམངས་སྲིད་ཅུས་ཀྱིས་ཚབ་སྤྲོད་བྱས་ནས། མ་དངུལ་བསྡུས་ཚད100%ལ་ཟིན།ཞིང་གྲོང་གི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་དེ་ཁུལ་ཡོངས་སུ་ཁེབས་པ་རེད།

2014ལོར། ཁུལ་ཡོངས་ཀྱི་འཕྲོད་བསྟེན་མ་ལག་གིས་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། ཁུལ་དང་རྫོང་། ཤང་བཅས་ཀྱི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པའི་གཞུང་ལས་ཁང་གིས་སྔར་ནས་འཆར་གཞི་འདོན་དགོས་པ་དང་། ཧུར་ཐག་གིས་སྡེ་ཁག་སོ་སོའི་བར་ལ་མཐུན་སྦྱོར་བྱས་ནས་ཞིང་གྲོང་གི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མ་དངུལ་བསྡུས་པ་དགོས་པའི་རེ་བ་བཏོན་པ་རེད། ཟླ2པའི་ཡན་དུ། ཁུལ་ཡོངས་སུ་ཁྱོན་བསྡོམས་ཞིང་ལས་མི་གྲངས288775ཡོད་པ་ལས། སེམས་ཀྱི་ཉི་ཟླར113421ཡོད་པ་དང་། འཇོལ་རྫོང་ལ51947ཡོད་ལ། འབའ་ལུང་ལ123407ཡོད། རྫོང་གསུམ་གྱི་ཞིང་གྲོང་གི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་ཞུགས་ཚད100%ལ་ཟིན།

གོ་རྟོགས་ལྟར་ན། ཞིང་གྲོང་གི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་ལག་བསྟར་བྱས་ཚུན་དུ། ཁུལ་འཕྲོད་བསྟེན་ཅུས་ཀྱིས་ལས་ཀའི་སྒྲིག་གཞི་འཐུས་ཚང་དུ་གཏོང་ནས།ཞིང་གྲོང་གི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་བརྟན་ལྷིང་ངང་ལག་བསྟར་བྱས་པ་རེད། 2013ལོར། མི་རེའི་མ་དངུལ་བསྡུ་གྲངས་སྒོར340ཡིན་པ་ལས། མི་སྒེར་གྱིས་སྒོར60སྤྲོད་དགོས་པ་དེ་འཇོལ་རྫོང་དང་སེམས་ཀྱི་ཉི་ཟླ་རྫོང་གཉིས་སུ་དམངས་སྲིད་ཅུས་ཀྱི་ཚབ་སྤྲོད་བྱས་པ་དང་། འབའ་ལུང་རྫོང་དུ་སྒེར་གྱིས་སྤྲོད་པ་རེད། ཁུལ་ཡོངས་སུ་ཞིང་གྲོང་གི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་ཞུགས་མི274148ཡོད་དེ། ཞུགས་ཚད98.47%ཡོད།

རང་ཁུལ་གྱི་ཞིང་གྲོང་གི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་ཉིན་བཞིན་འཐུས་ཚང་དུ་འགྲོ་ཡོད་པ་དང་། མི་དམངས་ལ་ཕན་པའི་རྩིས་ཞུ་གསབ་སྤྲོད་འཆར་གཞི་འདོན་ཡོད། ཤང་དང་གྲོང་རྡལ་དང་། རྫོང་རིམ་པ། ཁུལ་རིམ་པ། ཁུལ་ཕྱིའི་སྨན་ཁང་དུ་སྡོད་རིན་གསབ་སྤྲོད་ཚད་གཞི་ནི་རིམ་བཞིན་དུ90%དང80% 70% 60%ཡིན། སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱ་ན་གསབ་སྤྲོད་ཚད་གཞི་ནི50%ལ་ཟིན་ཡོད། ཆེས་མཐོ་བའི་གསབ་སྤྲོད་མ་དངུལ་སྒོར་ཁྲི10ལ་ཟིན་པ་དང་། ད་དུང་བྱིས་པའི་སྙིང་ནད་དང་། གཅིན་དུག་ནད། གློ་བའི་འབྲས་སྐྲན་བཅས་ཀྱི་ནད་རིགས20ཕོག་པའི་ནད་པ་དག་འགན་སྲུང་བྱ་ཡུལ་དུ་ཚུད་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག