མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལོ་གསུམ་གྱི་ནང་དུ་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་ཡོངས་སུ་འགྲུབ་རྒྱུ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-12 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ1ཚེས11ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་རྫོང་ལ་མེ་སྐྱོན་ཆེན་མོ་བྱུང་རྐྱེན།གནའ་གྲོང་གི་ཤིང་ཆ་གྲུབ་གཞིའི་ཁང་པ་དང་ཚོང་ཁང་འབོར་ཆེན་ཞིག་མེས་བསྲེགས་པ་རེད།དེའི་སྐོར་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི།ཁུལ་དཔོན་ཧོང་ཀྲེང་ཧུང་གིས་ཟླ་3ཚེས་4ཉིན་ཡུན་ནན་དྲ་བའི་གསར་འགྱུར་བའི་ཆེད་དམིགས་བཅར་འདྲི་དང་ལེན་ཞུ་དུས།བདེ་ཆེན་གྱིས་ལོ་གསུམ་གྱི་ནང་དུ་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་ཡོངས་སུ་འགྲུབ་རྒྱུ་ཡིན་པ་བསྟན།

ཧོང་ཀྲེང་ཧུང་གིས།ད་ལོའི་ཟླ་1ཚེས་11ཉིན་གྱི་མེ་སྐྱོན་གྱིས་རྡོ་མཁར་རྫོང་ལ་གྱོ ང་གུན་ཚབས་ཆེན་བཟོས་པ་རེད།མེ་སྐྱོན་ཐེབས་རྗེས།ང་ཚོས་ཐོག་མཐའ་བར་གསུམ་དུ་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ལས་ཀ་སྒྲུབ་པ་རེད།ད་ལྟ་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་བྱེད་པའི་འཆར་གཞི་བཟོས་ཡོད་དེ།ལོ་3གྱི་ནང་དུ་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་ལས་ཀ་ཡོངས་སུ་འགྲུབ་རྒྱུ་ཡིན་ཞེས་བསྟན།

ཧོང་ཀྲེང་ཧུང་གིས་རྡོ་མཁར་རྫོང་གི་བསྐྱར་སྐྲུན་བྱེད་པའི་ཨར་ལས་རྒྱུ་ཆ་དེ་དེ་སྔ་དང་གཅིག་མཚུངས་ཡིན་པའི་ངེས་པ་མེད།དཔེར་ན།དེ་སྔའི་རྒྱུ་ཆ་མང་ཤོས་ནི་ཤིང་ཆ་ཡིན་པས།མེ་འགོག་དང་ཡོམ་འགུག་ཐད་ལ་གནད་དོན་ཆེན་མོ་ཡོད།བསྐྱར་སྐྲུན་བྱེད་དུས་ཤིང་ཆ་ཤ་སྟག་མི་སྤྱོད་པར།རྒྱུ་ཆ་རིགས་གསར་པ་དང་ཚབ་བྱེད་རྒྱུ་ཆ་སྤྱད་ནས་སླར་གསོ་བསྐྱར་སྐྲུན་བྱེད་རྒྱུ་ཡིན།དེ་ལྟར་བྱས་ན་ཤིང་ཆ་འབོར་ཆེན་ཞིག་གཅོད་མི་དགོས་པའི་ཁར་སྐྱེ་ཁམས་ལ་གཏོར་བརླག་གཏོང་མི་དགོས་པ་རེད་ཅེས་བཤད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག