མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་གྱིས་མ་དངུལ་སྒོར་དུང་ཕྱུར12བཏང་སྟེ་རྡོ་མཁར་གནའ་རྫོང་བསྐྱར་སྐྲུན་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-12 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས10ཉིན།  ས་དེའི་མང་ཚོགས་ཁ་ཤས་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང་གི་མཆོད་རྟེན་ལ་སྐོར་བ་བྱེད་བཞིན་པའི་ཚུལ་རེད།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཧོང་ཀྲུན་ཧོན་གྱིས་རྡོ་མཁར་གནའ་རྫོང་གི་སླར་གསོ་བསྐྱར་སྐྲུན་སྤྱིའི་འཆར་འགོད་གཏན་འབེབས་བྱས་ཡོད་པ་དང་།  འཆར་འགོད་ལྟར་མ་དངུལ་སྒོར་དུང་ཕྱུར12བཏང་སྟེ།  ལོ3ནང་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། རྒྱུས་ལོན་པ་ལྟར་ན། རྡོ་མཁར་གནའ་རྫོང་བསྐྱར་སྐྲུན་བྱེད་པའི་གོ་རིམ་ཁྲོད།  གནའ་མཁར་གྱི་ལོ་རྒྱུས་དང་།  མི་རིགས་རིག་གནས།  དམངས་སྲོལ་བཅས་ལ་བརྩི་འཇོག་བྱེད་རྒྱུ་ཡིན་ལ།  གནའ་མཁར་གྱི་སྔར་ཡོད་རྣམ་པ་ཡང་བསྐྱར་སླར་གསོ་བྱེད་པར་འབད་པ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག