ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས6ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོ་བཀོད་མ་རྩའི་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། དཔར་ཐེངས་གསར་བའི་བཟོ་ཚོང་ཚོང་གཉེར་ལག་ཁྱེར་དངོས་སུ་སྤྱོད་འགོ་བརྩམས། ཤེས་གསལ་བྱུང་བ་ལྟར་ན། བཟོ་ཚོང་ཐོ་བཀོད་མ་རྩའི་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་ནི་ཐོ་བཀོད་མ་རྩ་དངུལ་སྤྲོད་ཁས་ལེན་ལམ་ལུགས་ཡིན་ལ། སྟབས་བདེ་ཡིན་ཞིང་ཕན་འབྲས་ཆེ་བ་དང་གཅིག་གྱུར་གྱི་འཆར་འགོད་བྱེད་པ། ཐོ་འགོད་བྱེད་པ་བདེ་ཞིང་དོ་དམ་ཐད་ནས་ནན་མོ་ཡིན་པའི་རྩ་དོན་ལྟར། ཀུང་ཟིའི་ཐོ་འགོད་ལམ་ལུགས་གསར་སྐྲུན་བྱེད་པའི་དུས་མཚུངས་སུ། ཚོང་རའི་གཞི་རྐང་འགན་ཁུར་ཐད་ནས་ཤུགས་སྣོན་པ་བཅས་དྲང་བདེན་དང་སྒྲིག་རིམ་ཡོད་པའི་ཚོང་རའི་སྒྲིག་སྲོལ་ཆགས་པར་སྐུལ་འདེད་བྱས། །