མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ཉོ་ཚོང་ཀུང་ཟིས་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-11 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ཉོ་ཚོང་ཀུང་ཟིས་ཚོང་གཉེར་གྱི་ཁྱབ་ཁོངས་མུ་མཐུད་དུ་ཇེ་ཆེར་བཏང་ཞིང་།  ཚོང་བར་དངུལ་བུན་ཕྱོགས་ཀྱི་འགན་ལེན་འདོན་སྤྲོད་བྱེད་པ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཞབས་འདེགས་ཞུ་བཞིན་ཡོད།  ཟླ3པའི་ཚེས6ཉིན།  ཀུང་ཟི་འདིས་མ་རྐང་འཇོག་མཁན་རྣམས་བསྡུས་ཏེ་ཚོགས་ཆེན་བསྡུས་ཤིང་།  ཚོགས་འདུ་ལས་སྔར་ལས་ལྷག་པར་གསར་སྐྲུན་ཕྱོགས་ནས་ཤུགས་བསྣན་དགོས་པ་དང་འཕེལ་རྒྱས་ཀྱི་བྱེད་ཐབས་སྤོ་བསྒྱུར་བྱེད་པ་གཙོ་ཡིན་པའི་བསམ་ཕྱོགས་གཞིར་བཟུང་ནས།  ནང་མཁོ་རྒྱ་བསྐྱེད་པ་དང་ལས་གནས་འདོན་སྤྲོད་བྱེད་པར་ཤུགས་སྣོན་པ་སོགས་ཚོང་བ་དག་ལ་ཚོང་གཉེར་བྱེད་པའི་ཁོར་ཡུག་ལེགས་པོ་སྐྲུན་དགོས་པའི་བླང་བྱ་བཏོན།

 ན་ནིང་ཀུང་ཟི་འདིས“8·28”、“8·31”ས་འགུལ་གནོད་ཐེབས་ས་ཁུལ་ལ་མ་དངུལ་སྒོར་ཁྲི10དང་། རྒྱ་ཆེའི་སློབ་གྲྭ་ཆེན་མོ་བ་དབུལ་ཕོངས་ཅན་ལ་སློབ་ཞུགས་རོགས་དངུལ་སྒོར2བཅས་ཞལ་འདེབས་སུ་ཕུལ་བ་མ་ཟད། “1·11”རྡོ་མཁར་གནའ་རྫོང་མེ་སྐྱོན་ལས་གནོད་འཚེ་ཐེབས་པའི་ཀུང་ཟིའི་ལས་བཟོ་བ་དང་གནོད་ཐེབས་མང་ཚོགས་ལ་ཞལ་འདེབས་རོགས་སྐྱོར་གནང་བ་དང་།  སྔར་ལས་ལྷག་པར“མི་རིགས་ཉོ་ཚོང”ཞེས་པའི་ཚོང་རྟགས་རྙིང་བ་འདི་རྒྱ་ཆེའི་འཛད་སྤྱོད་པར་བག་ཆགས་ཟབ་མོ་བཞག   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག