མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཨ་མ་ལོ་ལོན་འཕྲིན་ལས་གཡང་འཛོམས་ཁྱིམ་མི་ཡོངས་ཀྱིས་སྐབས12པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་བརྩམས་པའི་མཛད་སྒོ་ལ་བལྟས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-10 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས5ཉིན།  ཨ་མ་ལོ་ལོན་འཕྲིན་ལས་གཡང་འཛོམས་ཁྱིམ་མི་ཡོངས་ཀྱིས་རང་ཁྱིམ་ནས་སྐབས12པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་བརྩམས་པའི་མཛད་སྒོ་ལ་བལྟས་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་སྤེལ་བར་ཉན་པ་དང་།  སྙན་ཞུར་ཉན་རྗེས་ཨ་མ་ལོ་ལོན་གཡང་འཛོམས་ཀྱི་ངོ་གདོང་ལ་འཛུམ་གྱིས་ཁེངས་ནས་ཙུང་ལི་ལིས་ཁི་ཆང་གིས་སྤེལ་བའི་སྙན་ཞུ་ཁྲོད་དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་པར་གཙོར་བཟུང་ཡོད་པས།  རྗེས་ཕྱོགས་ཀྱི་འཚོ་བ་ཡིད་ཆས་དང་རེ་སྨོན་གྱིས་ཁེངས་ཡོད་ལ།  ང་ཚོ་དགའ་དགའ་སྤྲོ་སྤྲོ་ངང་འཚོ་བ་རོལ་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག