མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཕྱུགས་ལས་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-10 10:42

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཕྱུགས་ལས་ཐོན་ལས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཐོན་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱུང་ཡོད་པ་དང་།  གསོ་སྤེལ་གཞི་ཁྱོན་ཅན་དུ་བསྒྱུར་བའི་གོམ་ཁ་ཇེ་མགྱོགས་སུ་བཏང་།

ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་སྡེ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་གསོ་སྤེལ་ལས་རིགས་གཞི་ཁྱོན་ཅན་དང་ཐོན་སྐྱེད་ཚན་ལྡན་ཅན།  ཚོང་གཉེར་ཚོང་ར་ཅན་དུ་གཏོང་བ་ནི་ཕྱུགས་ལས་འཕེལ་རྒྱས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་ཡོད།  ནུས་ཤུགས་ཡོད་ཚད་ཀྱིས་ཕྱུགས་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། ཕྱུགས་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་སྤོ་བསྒྱུར་བྱེད་པར་དམ་འཛིན་བྱེད་པ་སོགས་ཕན་འབྲས་ཡོད་པའི་སྒོ་ནས་ཚོང་གཉེར་གཞི་ཁྱོན་ཅན་དུ་གཏོང་བར་སྐུལ་འདེད་བྱས།

2013ལོར།  རྫོང་ཡོངས་ནས་བསྡོམས་པས་ཕག་གསོ་གཞིས་ཁུལ29དང་རི་སྐྱེས་ཕག་གསོ་མཐུན་ཚོགས4།  ནོར་གསོ་གཞིས་ཁུལ18།  ལུག་གསོ་གཞིས་ཁུལ7དང་བྱ་ཕོ་གསོ་སྤེལ་མཐུན་ཚོགས6བཅས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག