མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དུ་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བ་ཁྱབ་གདལ་དུ་བཏང་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-10 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར།  ཏང་གི་མང་ཚོགས་ལམ་ལུགས་སློབ་གསོ་ལག་ལེན་བྱ་འགུལ་ལ་གཞིར་བྱས་ཏེ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་།  སྲིད་གཞུང་གིས་བྱེད་ཐབས་དངོས་འབེབས་བྱེད་པ་དང་དོན་དངོས་སྒྲུབ་པ་བརྒྱུད།  ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་བར་ཞུགས་པའི་མི་རེའི་ཆ་སྙོམས་དངུལ་བསྡུ་ཚད་གཞི་ནི་སྒོར380དང་།  མི་རེའི་ཆ་སྙོམས་ཀྱི་དངུལ་བསྡུ་སྒོར60ཚང་མ་རྫོང་རིམ་པའི་དམངས་སྲིད་ཅུའུ་ཡིས་སྤྲོད་རྒྱུ་ཡིན་པས།  དངུལ་བསྡུ་ཚད100ལ་ཟིན་ཡོད་ལ།  ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བ་ཁྱབ་གདལ་དུ་བཏང་ཡོད། 

2014ལོར།  ཁུལ་ཡོངས་ཀྱི་འཕྲོན་བསྟེན་སྡེ་ཁག་གིས་དོ་དམ་ལ་ཤུགས་བསྣན་ཏེ།  ཁུལ་དང་རྫོང་།  ཤང་རིམ་པའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བ་དོ་དམ་གཞུང་སྒྲུབ་ཁང་སོ་སོའི་བྱེད་ཐབས་སྣ་ཚོགས་སྤྱད་པ་དང་། སྡེ་ཁག་སོ་སོ་དང་མཉམ་དུ་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བའི་དངུལ་བསྡུ་བྱ་བ་སྒྲུབ་དགོས་པའི་བླང་བྱ་བཏོན།  ཟླ2པའི་ཟླ་མཇུག་བར།  ཁུལ་ཡོངས་ནས་བསྡོམས་པས་ཞིང་ལས་མི་གྲངས288775སྨན་བཅོས་ལམ་ལུགས་གསར་བ་ནང་ཞུགས་ཡོད་པ་དང་།  དེའི་ནང་སེམས་ཀྱི་ཉི་ཟླ་རྫོང་མི་གྲངས113421དང་།  བདེ་ཆེན་རྫོང་དུ་མི་གྲངས51947།  འབའ་ལུང་རྫོང་དུ123407བཅས་འདུས། 

རྒྱུས་ལོན་པ་ལྟར་ན། ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བ་ལག་བསྟར་བྱས་པ་ནས་བཟུང་།  ཁུལ་འཕྲོད་བསྟེན་ཅུའུ་ཡིས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་པ།  དོ་དམ་ཚད་ལྡན་དུ་གཏོང་བ།  འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་མཉམ་ལས་བྱས་ཏེ།  ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བ་བདེ་བླག་ངང་སྤེལ་བཞིན་ཡོད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག