མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་དགེ་རྒན་གྱི་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-10 10:42

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན་ནས་ཚེས26ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སློབ་གསོ་ཅུས་ཀྱིས་རྫོང་དགེ་རྒན་ཟབ་སྦྱོང་སློབ་གྲྭར2013ལོར་གསར་དུ་བསྡུས་པའི་སློབ་འབྲིང་དང་། བྱིས་གསོ་ཁང་གི་དགེ་རྒན104ལ་ཉིན་གཉིས་རིང་གི་ལས་གནས་སུ་མ་ཞུགས་གོང་ རྫོང་སློབ་གསོ་ཅུས་ཀྱིས། གསོ་སྦྱོང་ནང་ཞུགས་མི་རྣམས་ཀྱིས་བསམ་བློ་གཅིག་གྱུར་གཏོང་ཞིང་ངེས་ཤེས་ཇེ་ཟབ་ཏུ་གཏོང་ནས། ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་གི་དོན་སྙིང་ལ་ངོ་འཛིན་ཡག་པོ་བྱས་ནས། སྒྲིག་ཁྲིམས་ཡག་པོ་སྲུང་ཞིང་རྩ་འཛུགས་ཞིབ་ཕྲ་བྱས་ནས། གསོ་སྦྱོང་གི་སྒྲུབ་འབྲས་ཡག་པོ་ཐོན་ཐུབ་པར་ཁག་ཐེག་བྱ་དགོས་པའི་རེ་བ་བཏོན་པ་རེད།

ཐེངས་འདིའི་གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཞིང་ཨུ་དང་ཁུལ་ཨུ། རྫོང་ཨུ་དང་གོང་རིམ་གི་སློབ་གསོ་སྡེ་ཁག་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། དངོས་ཡོད་དང་ཟུང་འབྲེལ་བྱས་ནས། མི་དམངས་ཀྱིས་ཡིད་ཚིམ་པའི་སློབ་གསོ་བྱ་གཞག་སྒྲུབ་རྒྱུ་དམིགས་ཡུལ་དུ་འཛིན་ནས། ཀུན་སྤྱོད་གཉིས་ལྡན་དང་། ཤེས་བཙོན་བཟང་གསུམ་གྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གསོ་སྐྱོང་བྱ་རྒྱུ་དེ་ཡིན།

གསོ་སྦྱོང་གིས་རྫོང་སློབ་གསོ་ཚན་རིག་སུའོ་དང་། རྫོང་བྱིས་གསོ་ཁང་། རྫོང་སློབ་གསོ་ཅུས། རྫོང་ཟབ་སྦྱོང་སློབ་གྲྭ་བཅས་ཀྱི་དགེ་རྒན་བཞི་གདན་འདྲེན་ཞུས་ནས། དགེ་རྒན་གྱི་ཀུན་སྤྱོད་དང་། དགེ་རྒན་གྱི་སེམས་ཁམས་བདེ་ཐང་། དགེ་རྒན་གྱི་ལས་རིགས་ཀུན་སྤྱོད། སློབ་གསོ་དང་སློབ་ཁྲིད་ཀྱི་རྒྱུན་ཤེས་བཅས་ཕྱོགས་བཞི་ནས་ཆེད་གཉེར་འཆད་ཁྲིད་བྱས་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག