མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་རྫོང་གསུམ་ཆུས་གཅིག་གིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་འགོ་འཛུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-03-10 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སེམས་ཀྱི་ཉི་ཟླ་རྫོང་དང་འཇོལ་རྫོང་། འབའ་ལུང་རྫོང་། གསར་སྤེལ་ཆུས་བཅས་ཀྱིས་ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུའི་བླང་བྱ་ལ་གཞིགས་ནས། མུ་མཐུད་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོ་བྱས་པ་རེད།

ཟླ2པའི་ཚེས18ཉིན། སེམས་ཀྱི་ཉི་ཟླ་རྫོང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ལག་བསྟར་བྱེད་སྒོར་ཏང་ཡོན་ཚང་མ་ཞུགས་ཡོད། བྱེད་སྒོ་གཏིང་ཟབ་ཏུ་བྱེད་ཆེད། རྫོང་འདིས“དྲང་ཕྱོགས་ཀྱི་སློབ་གསོ་གཙོ་བོར་འཛིན་པ་དང་། གནད་དོན་སེལ་བ་སྣེ་ཁྲིད་དུ་འཛིན་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད། ཕན་འབྲས་ལ་དོ་སྣང་བྱེད་པ། རིགས་དབྱེ་ནས་སློབ་ཁྲིད་བྱེད་པ། འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱས་ནས། ནན་ཏན་གྱིས་རིམ་པ་སོ་སོའི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ཚོ་ཆུང་། འགོ་ཁྲིད་ལས་བྱེད་པའི“སྐྱོན་སྤྱོད་ཁག་བཞི”རུ་གནས་པའི་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱས་པ། ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ལྟ་ཕྱོགས་འཛུགས་པར་སློབ་གསོ་དང་སྣེ་ཁྲིད་བྱེད་པ། མང་ཚོགས་ལམ་ཕྱོགས་ལ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། མང་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་པ། བོད་ཁུལ་གྱི་འཆམ་མཐུན་ལ་བརྟན་བརླིང་ངང་སྲུང་སྐྱོང་བྱེད་པ། སྤྱོད་ཚུལ་བཟང་པོ་དར་སྤེལ་བྱེད་པ། འབུར་ཐོན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་། སྤྱོད་གཙང་རང་བཞིན་རྒྱུན་འཛིན་བྱེད་པ་རེད།

ཐེངས་འདིའི་བྱེད་སྒོར་ཞུགས་པའི་ཁྱབ་ཁོངས་ནི་རྫོང་ཨུ་དང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ཚོ་ཆུང་།རྫོང་མི་དམངས་ཁྲིམས་ཁང་། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་ཨུའི་པུའུ་ཨུ་སོ་སོ། རྫོང་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ཨུ་དང་གཞུང་ལས་ཁང་། ཅུས་སོ་སོ། མི་དམངས་ཚོགས་པ། རྫོང་རིམ་པའི་ཐད་གཏོགས་ཁེ་ལས་དང་བྱ་གཞག་ལས་ཁུངས་དང་དེའི་གཞི་རིམ་ཏང་རྩ་འཛུགས། ཤང་(གྲོང་རྡལ)དང་གྲོང་གསེབ(སྡེ་ཁུལ)རྫོང་རིམ་པའི་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས། རྩ་འཛུགས་གཞན་པ་བཅས་རེད།

ཟླ2པའི་ཚེས17ཉིན། འབའ་ལུང་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་བསྟར་བྱེད་སྒོའི་སྐུལ་སློང་ཚོགས་འདུ་རྫོང་སྲིད་གཞུང་གི་གྲོས་ཚོགས་ཁང་དུ་འཚོགས་པ། རྫོང་འདིའི་འགོ་ཁྲིད་ཚོ་ཆུང་ཁག་བཞིའི་ཁོངས་མི་དང་ཁུལ་ཨུའི་ལྟ་སྐུལ་དོ་དམ་ཚོ་ཆུང་གི་ཁོངས་མི། རྫོང་ཡོངས་ཀྱི་ཁྲུའུ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ། རྫོང་རིམ་པའི་ལས་ཁུངས་སོ་སོའི་འགན་ཁུར་བ་གཙོ་བོ། ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་སོགས་ཁྱོན་བསྡོམས140ལྷག་སྐུལ་སློང་ཚོགས་འདུར་ཞུགས་པ་རེད།

སྐུལ་སློང་ཚོགས་འདུས་བསྟན་དོན། གཅིག་ནས་བསམ་བློ་གཅིག་འགྱུར་བྱེད་པ་དང་། ངོས་འཛིན་མཐོ་རུ་གཏོང་བ། གཏིང་ཟབ་ཏུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོ་བྱེད་པའི་དོན་སྙིང་གཙོ་བོ་ངོས་འཛིན་བྱེད་དགོས། གཉིས་ནས་གནད་ཆེ་ས་རྒྱུས་ལོན་བྱེད་པ་དང་། འཀག་རྩ་དམ་འཛིན་བྱེད་པ། སློབ་གསོ་ལག་བསྟར་བྱེད་སྒོ་ནན་པོའི་ངང་བྱེད་དགོས། གསུམ་ནས་ཞིབ་ཕྲའི་ངང་རྩ་འཛུགས་བྱེད་པ་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་ལག་བསྟར་བྱེད་སྒོར་ཕན་ནུས་ཐུབ་པར་ཁག་ཐེག་བྱེད་དགོས།

ཟླ2པའི་ཚེས18ཉིན། འཇོལ་རྫོང་གིས་སྲིད་འཛིན་ལྟེ་གནས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོའི་སྐུལ་སློང་ཚོགས་ཆེན་འཚོགས་པ། གྲོས་ཚོགས་ཀྱིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོ་བྱེད་པར་ཞིབ་ཕྲའི་བླང་བྱ་བཏོན་པ་དང་། བྱེད་སྒོ་བྱེད་པའི་བཀག་རྩ་སོ་སོར་དངོས་ཡོད་བཀོད་སྒྲིག་བྱས་པ་རེད།

རྫོང་ཡོངས་ཀྱི་འགོ་ཁྲིད་ཚོ་ཆུང་ཁག་བཞིའི་ཁོངས་མི་དང་། ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ། རྫོང་ཨུའི་པུའུ་ཨུ་སོ་སོ། རྫོང་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ཨུ་དང་གཞུང་ལས་ཁང་། ཅུས་སོ་སོ། མི་དམངས་ཚོགས་པ་སོ་སོའི་འཐུས་མི་སོགས་མི་ཐེངས300ལྷག་སྐུལ་སློང་ཚོགས་ཆེན་དུ་ཞུགས་པ་རེད།

རྫོང་འདིས་བླང་བྱ་བཏོན་དོན། མཐའ་གཅིག་ཏུ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་གཅིག་གྱུར་བྱས་ནས། ནན་ཏན་གྱིས་སློབ་གསོ་ལག་བསྟར་བྱེད་སྒོ་བྱེད་པའི་འགན་ཁུར་འདུ་ཤེས་མཐོ་རུ་གཏོང་བ། གནད་ཆེ་དང་གནད་འགག་ཆེ་ས་དམ་འཛིན་བྱེད་དགོས། ནན་ཏན་གྱིས་རྩ་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་སློབ་གསོ་ལག་བསྟར་བྱེད་སྒོ་ནན་པོའི་ངང་སྐུལ་འདེད་གཏོང་དགོས།

ཟླ2པའི་ཚེས19ཉིན། གསར་སྤེལ་ཆུས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོའི་སྐུལ་སློང་ཚོགས་ཆེན་འཚོགས་པ། སྐུལ་སློང་གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་གཏིང་ཟབ་ཏུ་སློབ་གསོའི་ལག་བསྟར་བྱེད་སྒོའི་དངོས་ཡོད་དོན་སྙིང་ངོས་འཛིན་བྱེད་དགོས། གཉིས་ནས་ཡང་དག་པས་སློབ་གསོ་ལག་བསྟར་བྱེད་སྒོ་བྱེད་པའི་དངོས་ཡོད་རང་བཞིན་དང་མྱུར་མཁོའི་རང་བཞིན་ངོས་འཛིན་བྱེད་དགོས། གསུམ་ནས་ཡང་དག་པས་དམིགས་འབེན་བླང་བྱ་དང་བྱ་ཐབས་ཀྱི་གོམ་སྟབས་རྒྱུས་ལོན་བྱེད་དགོས། བཞི་ནས་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་འདོན་པ་དང་། ནན་ཏན་གྱིས་རྩ་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཁུལ་ཨུའི་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གི་ཙུའུ་ཀྲང་ཧོ་ཧྥ་ཧོང་དང་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གི་ཁོངས་མི་གྲོས་ཚོགས་སུ་ཞུགས་ནས་སློབ་ཁྲིད་བྱས་པ་དང་། ཆུས་ཡོངས་ཀྱི་ལས་ཁུངས་དང་ཁེ་ལས། བྱ་བཞག་ལས་ཁུངས། ཆུས་སུ་བཅའ་སྡོད་བྱེད་པའི་ལས་ཁུངས་ཀྱི་འགན་ཁུར་བ་སོགས་སྐུལ་སློང་ཚོགས་ཆེན་དུ་ཞུགས་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག