མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ལོ་གསུམ་ནང་རྡོ་མཁར་གནའ་རྫོང་བསྐྱར་སྐྲུན་བཟོ་འགོད་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-06 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ1པའི་ཚེས11ཉིན།  གློ་བར་ཏུ་བྱུང་བའི་མེ་སྐྱོན་གྱིས་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་།  ཤིང་ཁང་བརྒྱ་ལྷག་དང་ཚོང་ཁང་མེ་སྐྱོན་ལས་གནོད་འཚེ་ཐེབས།  དེར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ།  བདེ་ཆེན་ཁུལ་གྱི་ཁུལ་དཔོན་ཧོང་ཀྲུན་ཧོན་གྱིས་ཚེས4ཉིན་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་དུས་བཤད་རྒྱུར།  བདེ་ཆེན་ཁུལ་གྱིས་ལོ་གསུམ་ནང་རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་ལས་འགན་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ལ།  དེའི་ནང་དམངས་སྡོད་ཁང་པ་སྐོར་ཞིག་ཀྱང་ད་ལོའི་ལོ་མཇུག་བར་བསྐྱར་སྐྲུན་བྱེད་ངེས།

 ཧོང་ཀྲུན་ཧོན་གྱིས་ད་ལོའི་ཟླ1པའི་ནང་བྱུང་བའི་མེ་སྐྱོན་གྱིས་རྡོ་མཁར་གནའ་རྫོང་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་དང་།  ངོ་མ་ཡིད་སྐྱོ་བའི་དོན་དག་ཞིག་རེད། དེའི་རྗེས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་འཆར་འགོད་བྱ་བ་སྒྲུབ་ཀྱིན་ཡོད་པ་དང་།  ད་ལྟ་བསྐྱར་སྐྲུན་བྱེད་པའི་ཇུས་གཞི་གཏན་འབེབས་བྱས་ཡོད་ལ།  ལོ་གསུམ་ནང་རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་ལེགས་འགྲུབ་འབྱུང་བར་འབད་པ་བྱེད་རྒྱུ་ཡིན་པ་དང་སྒོས་སུ་དམངས་སྡོད་ཁང་པའི་བསྐྱར་སྐྲུན་ལས་འགན་ཡང་ད་ལོའི་ལོ་འཇུག་བར་ལེགས་འགྲུབ་འབྱུང་ངེས་བར་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག