མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་བྱ་བར་ཤུགས་སྣོན་ནས་ཕན་འབྲས་ལེགས་པོ་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-06 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་ཕྱོགས་ཀྱི་ལམ་ལུགས་སོ་སོ་ནན་ཏན་སྒོས་ལག་བསྟར་བྱས་པ་བརྒྱུད།  གཟན་རྩྭ་དང་གཟན་ཆས་གསར་སྤེལ་བེད་སྤྱོད་བྱེད་པའི་ནུས་པ་མཐོར་འདེགས་བྱུང་བ་དང་། རྩྭ་ཐང་སྲུང་སྐྱོང་བྱ་བའི་ཐད་གྲུབ་འབྲས་ལེགས་པོ་ཐོབ།

 རྩྭ་ཐང་ནི་སྐྱེ་ཁམས་མ་ལག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  ཕྱུགས་ལས་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པ་མ་ཟད།  སྐྱེ་ཁམས་སླར་གསོ་བྱེད་པའི་གྲུབ་ཆ་གཙོ་གནད་ཀྱང་ཡིན་པས།  དེ་ལ་གཞན་གྱི་ཚབ་བྱེད་མི་རུང་བའི་སྐྱེ་ཁམས་ནུས་ཤུགས་ལྡན། ཉེ་བའི་ལོ་འགའི་རིང་།  སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཚན་རྩལ་མི་སྣས“གཅིག་གྱུར་འཆར་འགོད་དང་གཙོ་གནད་འཛུགས་སྐྲུན།  རྩྭ་ཕྱུགས་དོ་མཉམ།  དོ་དམ་ཤུགས་སྣོན།  ཕན་ཁེ་བརྩོན་ལེན”ཞེས་པའི་རྩ་དོན་ལྟར།  རྒྱུན་མཐུད་འཕེལ་རྒྱས་འདུ་ཤེས་སྤྱད་དེ་རྩྭ་ཐང་སྲུང་སྐྱོང་དང་བེད་སྤྱོད་ལ་མཛུབ་སྟོན་བྱེད་པ་དང་།  དུས་དང་རྣམ་པ་ཀུན་ཏུ་རྩྭ་ཐང་སླར་གསོ་འཛུགས་སྐྲུན་ནི་སྐྱེ་ཁམས་འཛུགས་སྐྲུན་བྱེད་པའི་གོ་གནས་གལ་ཆེན་ཞིག་ཏུ་བཞག་ནས།  རྩྭ་ས་སླར་གསོ་འཛུགས་སྐྲུན་དང་དེང་རབས་ཀྱི་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས།  རོང་འབྲོག་པའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་བཅས་ཟུང་འབྲེལ་བྱས་པ་རྩྭ་ཐང་སྲུང་སྐྱོང་གི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱས་ཏེ།  རྩྭ་ཐང་གཏོར་བརླག་བྱེད་པ་དང་ཁྲིམས་འགལ་གྱིས་རྩྭ་ས་བདག་དབང་འཛིན་པ་སོགས་ལ་རྡུང་རྡེག་ནན་མོ་བྱས་པས། ཕན་འབྲས་ཡོད་པའི་སྒོ་ནས་རྩྭ་སའི་གཞི་ཁྱོན་ཇེ་ཉུང་དུ་འགྲོ་བཞིན་པའི་རྣམ་པ་ལེགས་བསྒྱུར་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག