མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་གསོའི་ལག་ལེན་བྱ་འགུལ་ལས་ཕན་འབྲས་ལེན་པར་ཁག་ཐེག་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-04 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན་གྱི་དགོངས་མོའི་དུས་ཚོད་བརྒྱད་ཀྱི་སྟེང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཆུང་དང་ལས་ཁུངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྐུལ་སློང་གཏོང་བའི་ཚོགས་འདུ་བསྡུས་པ་དང་། རྫོང་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་བཞི་བ་ཚོགས་འདུར་ཞུགས་ནས་ཁྲིད་སྟོན་བྱས།

ཚོགས་འདུ་ལས་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་པ་དང་། མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་སྤྱིའི་རེ་བ་ཡང་དག་པའི་སྒོ་ནས་གདེང་ཚོད་བྱས་པ། ངེས་པ་དོན་གྱིས་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་གནད་འགག་གཙོ་བོ་བཟང་འཛིན་བྱས་པ། བྱ་སྤྱོད་ངོ་མས་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྲུབ་འབྲས་ལེན་པར་ཁག་ཐེག་བྱ་དགོས་ཞེས་བླང་བྱ་བཏོན། ཚོགས་འདུའི་སྟེང་ད་དུང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཏང་ཨུ་དང་རྫོང་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག