མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས“ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི”བྱ་བའི་རུ་ཁག་དང་ཞིང་སྡེ་གསར་བའི་མཛུབ་སྟོན་མི་སྣ་གསོ་སྦྱོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-04 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས27ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི“ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི”གསོ་སྦྱོང་གྲོས་ཚོགས་བདེ་ཆེན་ཁུལ་ཏང་ཨུའི་སྙན་ཞུ་ཁང་དུ་བསྡུས།  “ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི”བྱ་འགུལ་སྟེང་ཞུགས་པའི་བྱ་བའི་རུ་ཁག་དང་ཞིང་ཆེན།  ཁུལ་རིམ་པས་མངགས་པའི་ཞིང་སྡེ་གསར་བའི་མཛུབ་སྟོན་པ་སོགས་གསོ་སྦྱོང་སྟེང་ཞུགས།  གསོ་སྦྱོང་ལས《རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བོད་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ》དང《གཞི་རིམ་དུ་ཞབས་ཞུ་རང་བཞིན་གྱི་ཏང་རྩ་འཛུགས་གསར་སྐྲུན་བྱས་ཏེ། ཏང་གིས་བོད་རིགས་ས་ཁུལ་དུ་སྲིད་འཛིན་བྱེད་པར་རྨང་གཞི་བརྟན་པོ་བཙུགས་པ》བཅས་ནས་སྒྲོག་འགྲེལ་བྱས།  གཞན་ད་དུང《འགྲེལ་བཤད་བཅུ་དང་མཛུབ་སྟོན་བཅུ》དང《སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ལས་བྱེད་སྟོང་ལྷག་གཞི་རིམ་དུ་མངགས་ནས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ》《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཨེ་ཙི་ནད་སྔོན་འགོག་དང་བདེ་ཐང་སློབ་གསོ་ལག་དེབ》སོགས་ཡིག་ཆ10300ལྷག་དུས་ལྟར་ཞིང་སྡེ་གསར་བ་འཛུགས་སྐྲུན་ལས་བྱེད་པ་དང་མཛུབ་སྟོན་པ་རྣམས་ལ་འགྲེམ་གཏོང་བྱས་པས། “ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི”བྱ་འགུལ་བདེ་བླག་ངང་སྤེལ་བར་རྒྱབ་སྐྱོར་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག