མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་རིག་གནས་ཐོན་ལས་གཞུང་སྒྲུབ་ཁང་གིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་སྐུལ་སློང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-04 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཐོན་ལས་གཞུང་སྒྲུང་ཁང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྐུལ་སློང་བྱེད་པའི་བཀོད་སྒྲིག་ཚོགས་འདུ་བསྡུས། བདེ་ཆེན་ཁུལ་སྲིད་གཞུང་གི་སྐོར་གཟིགས་པ་གཞོན་པའམ། བདེ་ཆེན་ཁུལ་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་གཉིས་པའི་འགོ་གཙོ་ཚའོ་རའོ་ཀྲུང་གྲོས་ཚོགས་སྟེང་ཞུགས་པ་མ་ཟད་གཏམ་བཤད་བྱས་པ་དང་།  ལྟ་སྐུལ་སློབ་སྟོན་ཚན་ཆུང་གཉིས་པའི་ཁོངས་མི་རྣམས་གྲོས་ཚོགས་སྟེང་ཞུགས།

སྐུལ་སློང་ཚོགས་འདུ་ལས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ།  བསམ་བློ་དང་བྱ་འགུལ་སོགས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།  ཁུལ་ཏང་ཨུས་གཅིག་གྱུར་གྱི་བཀོད་སྒྲིག་སྟེང་དངོས་འབེབས་བྱེད་པ་དང་།  བླངས་ཟིན་པའི་གྲུབ་འབྲས་དང་གནས་པའི་གནད་དོན་ལ་ངོས་ཤེས་ཡང་དག་པ་སྤྱད་དེ།  སློབ་གསོ་ལག་ལེན་བྱ་འགུལ་སྔར་ལས་དམིགས་སའི་རང་བཞིན་དང་དུས་ཕན་རང་བཞིན་ལྡན་པར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན།   

གྲོས་ཚོགས་ལས་ད་དུང་འགོ་ཁྲིད་ཚན་ཆུང་དང་ཁོངས་མིར་དམངས་གཙོ་དཔྱད་གླེང་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག