མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གི་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་བར་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-03 15:46

བདེ་ཆེན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཧྥུན་ཡས་ཞང་གིས་རྒྱལ་ཡོངས་གཞན་ཕན་སྒྲུབ་པར་དགའ་བའི་ཀུན་སྤྱོད་མིག་དཔེའི་མཚན་འཛིན་བྱ་དགའ་ཐོབ་མཁན་ཞང་ཅིའུ་མའེ་ལ་བྱ་དགའ་གནང་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཟླ2པའི་ཚེས22ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དུ་བསྡུས་པའི་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་བའི་གྲོས་ཚོགས་སྟེང་ཤེས་གསལ་བྱུང་བ་ལྟར་ན།  རྫོང་འདིས་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་བསྒྲེངས་ཏེ། རྫོང་ཏང་ཨུ་དང་སྲིད་གཞུང་བྱ་བར་གཞིར་བཟུང་ཞིང་།  ནང་ཁུལ་ནས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་ཕྱིའི་ཕྱོགས་ནས་རྣམ་པ་ལེགས་པོ་སྐྲུན་པས་གྲུབ་འབྲས་ལེགས་པོ་ཐོབ། 

མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་།  བདེ་ཆེན་རྫོང་ནས་སྔ་གཞུག་ཏུ་ཉི་མ་ལྷ་མོ་དང་ཞང་ཅིའུ་མའེ། ཨ་འཛོམས་སོགས་སྔོན་ཐོན་མི་སྣ་མང་པོ་འཚར་ལོངས་བྱུང་ཞིང་། དེའི་ནང་ཞང་ཅིའུ་མའེ་ལ2013ལོའི་རྒྱལ་ཡོངས་གཞན་ཕན་སྒྲུབ་པར་དགའ་བའི་ཀུན་སྤྱོད་མིག་དཔེའི་མཚན་འཛིན་བྱ་དགའ་ཐོབ་པ་དང་།  ཨ་འཛོམས་ལ་ཞིང་ཆེན་ཡོངས་ནས་རྒན་བཀུར་ཆུང་བྱམས་ཀྱི་ཀུན་སྤྱོད་མིག་དཔེའི་གཟེངས་བསྟོད་ཐོབ་པས། ཁོ་ཚོའི་བྱས་རྗེས་ཀྱིས་བདེ་ཆེན་རྫོང་གི་ལས་རིགས་སོ་སོའི་ལས་བྱེད་མི་སྣར་སྐུལ་མ་ལེགས་པོ་བཏང་ཡོད།  གཞན་ད་དུང“སྤངས་རྩི་རོང་སྐོར་བྲོ”ལ་བདེ་ཆེན་ཁུལ་གྱི་སྐབས་གསུམ་པའི་གླུ་གར་གསར་བའི་འགྲན་བསྡུར་དང་།  ཡུན་ནན་ཞིང་ཆེན་མི་རིགས་དམངས་ཁྲོད་རིག་གནས་གླུ་གར་འགྲེམ་སྟོན་ཁྲོད་གསེར་གྱི་བྱ་དགའ་ཐོབ།

གྲོས་ཚོགས་སྟེང་།  རྫོང་ཏང་ཨུས་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་བའི་སྡེ་ཁག་དང་བདེ་ཆེན་རྫོང་གིས་ཉེ་བའི་ལོ་འགའི་རིང་ལ་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་བའི་སྟེང་བླངས་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག