མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་གནས་སྐོར་ཞབས་ཞུ་ས་ཚིགས་དང་པོ་ཟླ5བའི་ཡར་སྔོན་དུ་ལེགས་འགྲུབ་འབྱུང་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-28 12:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འཆར་གཞི་ལྟར་སྤྱིའི་མ་དངུལ་སྒོར་ཁྲི2500བཏང་བའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གནས་སྐོར་སྣེ་ལེན་ཞབས་ཞུ་ལྟེ་གནས་མིག་སྔར་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། བཟོ་འགོད་འདི་འཆར་གཞི་ལྟར་ད་ལོའི་ཟླ5བའི་ཡར་སྔོན་དུ་ལེགས་འགྲུབ་འབྱུང་ངེས་ལ།  འཛུགས་སྐྲུན་བྱས་རྗེས་ཡུན་ནན་ཏ་ལོས་དང་ལོས་ཅང་བརྒྱུད་དེ་སེམས་ཀྱི་ཉི་ཟླ་རྫོང་དུ་གནས་སྐོར་ལྗོངས་རྒྱུ་བྱེད་པའི་སྤུས་ལེགས་ཞབས་ཞུ་ལྟེ་གནས་ཞིག་ཏུ་གྱུར།  ཤེས་གསལ་བྱུང་བ་ལྟར་ན།  གནས་སྐོར་ཞབས་ཞུ་ལྟེ་གནས་འདིས་གནས་སྐོར་རྣམ་པ་འགྲེམ་སྟོན་བྱེད་པ་དང་། གནས་སྐོར་བ་སྣེ་ལེན་བྱེད་པར་གཙོ་བྱས་ཏེ། འགྲེམ་སྟོན་ཁང་དང་ཉོ་སྒྲུབ་ལྟེ་གནས། མཆོད་རྟེན་དཀར་པོ་དང་མགྲོན་བསུ་སྟེགས་བུ།  བོད་ལུགས་ཀྱི་བཟོ་སྐྲུན་སོགས་དྲིལ་བསྒྲགས་བྱས་པ་བརྒྱུད་བོད་མི་རིགས་ཀྱི་རིག་གནས་འགྲེམ་སྟོན་བྱེད་རྒྱུ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག