མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས“ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་བདེ་སྐྱིད་ལྡན་པའི་གཞིས་ཁྱིམ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི”བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-28 12:15

ཚོགས་འདུའི་ཡུལ་དངོས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས27ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ནས“སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ།  ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་བདེ་སྐྱིད་ལྡན་པའི་གཞིས་ཁྱིམ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི”བྱ་འགུལ་ལམ།  ཐེངས8པའི་ཞིང་སྡེ་གསར་བ་འཛུགས་སྐྲུན་མཛུབ་སྟོན་མི་སྣ་གཞི་རིམ་དུ་མངགས་པའི་གྲོས་ཚོགས་བདེ་ཆེན་ཁུལ་ཏང་ཨུའི་སྙན་ཞུ་ཁང་དུ་གཟབ་རྒྱས་ངང་བསྡུས།  ཚོགས་ཐོག་ནས་བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏིན་ལིང་གིས་གཏམ་བཤད་བྱས་ཏེ་ནན་གྱིས་བསྟན་དོན།  བདེ་སྐྱིད་ལྡན་པའི་གཞིས་ཁྱིམ་འཛུགས་སྐྲུན་བྱེད་པ་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་རེ་འདུན་ཡིན་ལ།  རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དང“ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་བདེ་སྐྱིད་ལྡན་པའི་གཞིས་ཁྱིམ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི”བྱ་འགུལ་གཉིས་ཟུང་དུ་སྦྲེལ་ནས།  ལྡོག་རྩ་གཅིག་སྒྲིལ་གྱིས་འབད་པ་བྱས་པ་བརྒྱུད།  རྒྱལ་ཡོངས་བོད་ཁུལ་གྱི་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་དུས་ཡུན་རིང་བའི་བདེ་འཇགས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་།  ཀྲུང་གོའི་ཕུགས་འདུན་བདེ་ཆེན་ཁུལ་གྱི་འཕེལ་རྒྱས་གསར་བར་འབད་པ་བྱེད་དགོས།

གྲོས་ཚོགས་ལས་ད་དུང2013ལོའི“ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་བདེ་སྐྱིད་ལྡན་པའི་གཞིས་ཁྱིམ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི”བྱ་འགུལ་ཁྲོད་ཀྱི་སྔོན་ཐོན་སྡེ་ཁག་དང་མི་སྣར་གཟེངས་བསྟོན་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག