མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་བོད་ཤིང་རྟ་ལོའི་ལོ་སར་བསུ་མ་བྱེད་པའི་ཇ་སྟོན་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-27 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན་གྱི་ཕྱི་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི2014ལོའི་བོད་ཤིང་རྟ་ལོའི་ཆོས་ལུགས་མི་སྣས་ལོ་སར་བསུ་མ་བྱེད་པའི་ཇ་སྟོན་ཚོགས་འདུ་རྫོང་མཁར་ནས་བསྡུས།  རྫོང་འདིའི་ལས་ཁུངས་བཞིའི་འགོ་ཁྲོད་གཙོ་བོ་དང་དགོན་སྡེ་དག་གི་བླ་མ་སྐྱེས་ཆེན་བཅས་འབའ་ལུང་རྫོང་།  བདེ་ཆེན་རྫོང་གི་ཆོས་ལུགས་མི་སྣ་སོགས་ལྷན་གཅིག་ཏུ་འཛོམས་ནས།  བོད་ཤིང་རྟ་ལོའི་གནམ་ལོ་གསར་བ་བསུ་མ་བྱས་པ་དང་།  མཉམ་གཅིག་ཏུ་འཆམ་མཐུན་བདེ་འཇགས་ཀྱི་ཁ་བརྡ་གླེང་མོལ་བྱས་ཏེ་མཛེས་སྡུག་གི་མ་འོངས་བར་བཀྲ་ཤིས་སྨོན་འདུན་ཞུས།  ཇ་སྟོན་ཚོགས་འདུའི་སྟེང་།  བདེ་ཆེན་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་མི་སྣས་རིག་རྩལ་གྱ་ནོན་པ་འཁྲབ་སྟོན་བྱས།  ། 

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག