མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་སྤྱི་བདེ་ཅུའུ་དུག་འགོག་རུ་ཁག་གིས་དུག་འགོག་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-27 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།

ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་ལོ་སར་རྗེས་སུ་ཞོར་ལས་བ་མང་པོ་འཛོམས་པ་དང་། མི་སྣ་འཁོར་རྒྱུག་ཆེ་བའི་གོ་སྐབས་དམ་འཛིན་བྱས་ཏེ།  བདེ་ཆེན་རྫོང་འགྲིལ་སྐྱེལ་ས་ཚིགས་ནས་དུག་འགོག་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་སྤེལ།

དུག་འགོག་རུ་ཁག་གིས་བྱང་བུ་དང་པར་རིས་འགེལ་བ་དང་།  དུག་འགོག་དྲིལ་བསྒྲགས་འོད་སྡེར་འགྲེམ་སྟོན་བྱེད་པ།  དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱེད་པ་སོགས་བརྒྱུད་དེ། སྐུ་མགྲོན་རྣམས་ལ་དུག་རྫས་ཤེས་བྱ་འགྲེམ་བཤད་བྱེད་པ་བཅས་ནུས་ཤུགས་ཡོད་ཚད་བཏོན་ནས་དུག་རྫས་ཀྱི་གནོད་འཚེ་དྲིལ་བསྒྲགས་བྱས་པ་དང་།  བསྡོམས་པས་དྲིལ་བསྒྲགས་ཡིག་ཆ400དང་དུག་འགོག་དྲིལ་བསྒྲགས་འོད་སྡེར100ལྷག་འགྲེམ་གཏོང་བྱས་པ།  མང་ཚོགས་བརྒྱ་ལྷག་ཡུལ་དངོས་སུ་སོང་སྟེ་བློ་འདྲི་བ་དང་མང་ཚོགས་མི་ཐེངས600ལྷག་ལ་སློབ་གསོ་ཐོབ།

ཐེངས་འདིའི་དུག་འགོག་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་བརྒྱུད་ནས་འཁོར་རྒྱུག་མི་གྲངས་དང་ཞོར་ལས་མི་སྣ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚང་མས་དུག་རྫས་ལས་ཐོན་པའི་ནག་ཉེས་རྒྱུས་ལོན་བྱུང་བ་དང་།  མང་ཚོགས་ཀྱི་དུག་རྫས་ལ་སྔོན་འགོག་བྱེད་པའི་ནུས་པ་མཐོར་འདེགས་བྱུང་ཡོད་པས། དམངས་ཡོངས་ཀྱི་དུག་འགོག་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་སྐྲུན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག