མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་སྒོ་དང་རིགས་གཞུང་གི་སློབ་སྦྱོང་ལ་ཤུགས་བསྣན་པ།  

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-27 11:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས17ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཡོངས་རྩ་འཛུགས་བྱས་ཏེ།  གཅིག་བསྡུས་ཀྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་ཀར་བཏོན་པའི་ཕྲེང་སྟར་མཛུབ་སྟོན་དང་།   རྫོང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་གྲོགས་ཚོགས་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

སློབ་སྦྱོང་ཚོགས་འདུའི་ཐོག་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ནན་ཏན་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱི་ཕྲེང་སྟར་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས།  དགོངས་དོན་གྱི་ངོ་བོ་ལ་གོ་བ་ལོན་ཏུ་འཇུག་དགོས་པ་དང་།  གྲོས་ཚོགས་གཙོ་བོའི་དགོངས་དོན་དག་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་བྱེད་པའི་ཕྱོགས་སོ་སོའི་གོ་རིམ་ཁྲོད་དོན་དུ་འཁྱོལ་བར་བྱས་ནས།  ཚན་པ་ཁག་གི་ལས་ཀར་བསམ་ཕྱོགས་གསར་པ་ཡོད་པ་དང་།  ཚད་བརྒལ་གསར་པ་ཡོད་པ།  བྱ་ཐབས་གསར་པ་ཡོད་པར་ཁག་ཐེག་བྱས་ཏེ། རྣམ་པ་གསར་བ་ཞིག་བཏོད་དགོས་པའི་བླང་བྱ་བཏོན་པ་རེད།

སློབ་སྦྱོང་དང་དཔྱད་བསྡུར་བྱས་པ་བརྒྱུད། སྔར་ལས་ལྷག་པར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ལས་ཀའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་བ་གཏན་འཁེལ་བྱས་པ་སྟེ། གཅིག་ནི་འབོར་ཐེངས་གསར་བའི་སྒྲིག་གཞི་བཅོས་སྒྱུར་གྱི་དམིགས་འབེན་འོས་འགན་གཏན་འཁེལ་བྱས་པ། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་འགན་ནུས་གཅིག་བསྡུས་ཀྱིས་གཅིག་གྱུར་བྱེད་པ་མངོན་འགྱུར་བྱུང་ནས། ཚད་ཡོད་པའི་ཐོན་ཁུངས་ཀྱིས་ཅུང་སྤུས་ཀ་ལེགས་པའི་ཞབས་ཞུ་མཁོ་འདོན་བྱས་ཤིང་། ཧུར་ཐག་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་དང་སྨན་བཀོལ་བའི་དགོས་མཁོ་ཚིམ་པར་བྱས་ལ། ས་གནས་རང་གི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་བདེ་ཐང་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་ཡོད། ཧུར་ཐག་གིས་རིམ་པ་ཁག་གི་ཏང་ཨུ་དང་། སྲིད་གཞུང་། སྡེ་ཁག་སོ་སོའི་རྒྱབ་སྐྱོར་དང་རོགས་རམ་བརྩོན་ལེན་བྱས་ནས། བཅོས་སྒྱུར་ལ་རྣམ་པ་བཟང་བོ་ཞིག་གྲུབ་ཡོད། གཉིས་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ལས་ཀ་གཉིས་ཟུང་འབྲེལ་བྱས་ནས། ལྟ་སྐུལ་དོ་དམ་ཕྱོགས་ཀྱི་དཀའ་ཁག་གཙོ་གནད་འབུར་དུ་ཐོན་པར་བྱས་ཡོད་ཅིང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་བསྣན་ནས། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཚན་རིག་དང་མཐུན་པར་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་ཡོད། གསུམ་ནི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ཤིང་དགེ་མཚན་བཙལ་ནས། སེམས་ཀྱི་ཉི་ཟླའི་ཁྱད་ཆོས་ལྡན་པའི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་གྱི་ལམ་བུ་གསར་བ་ཞིག་བཏོད་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག