མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་བཟའ་བཏུང་བདེ་འཇགས་ལ་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-27 11:02

བདེ་ཆེན་རྫོང་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལས་བྱེད་མི་སྣས་ཟ་ཁང་ནང་གི་འཕྲོད་བསྟེན་བདེ་ཐང་སྐོར་གྱི་གནས་ཚུལ་བརྟག་དཔྱད་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན་ནས་ཚེས21ཉིན་བར། བདེ་ཆེན་རྫོང་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་མཁར་གྱི་ཟ་ཁང་ཆེ་ཆུང87དང་། ནམ་མཁའ་བཀྲ་ཤིས་དགོན་རྒྱལ་ལམ214ཉེ་འདབས་ཀྱི་ཟ་ཁང25ལ་བཟའ་བཏུང་བདེ་འཇགས་ཀྱི་བརྟག་དཔྱད་བྱས་པ་རེད།

བརྟག་དཔྱད་བྱེད་པའི་གོ་རིམ་ཁྲོད་དུ། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣས་ལས་གཉེར་ཆོག་འཐུས་ཀྱི་འཛིན་ཡིག་སྣ་ཚོགས་ལ་བརྟག་དཔྱད་བྱེད་པ་ལས་གཞན། ད་དུང་ཟ་ཁང་རེ་རེའི་གཡོས་ཁང་དང་། ལྷག་པར་དུ་འབྲས་དང་། ཕྱེ། སྣུམ་སོགས་ཟས་རིགས་གཙོ་བོར་བརྟག་དཔྱད་ནན་མོ་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཟ་ཁང་ཞབས་ཞུའི་སྒྲིག་གཞིའི་འཕྲོད་བསྟེན་དེ་རིགསAདངBདང་Cབཅས་རིམ་པ་གསུམ་དུ་བགར་ཡོད། དེའི་ཁྲོད་དུAནི་ཤིན་ཏུ་ལེགས་པ་དང་། Bནི་ཅུང་ལེགས་པ། Cནི་སྤྱིར་བཏང་བ་ཞིག་ཡིན་པར་ངོས་བཟུང་ཡོད། ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་རྫོང་ཡོངས་ཀྱི་ཟ་ཁང་ཁྲོད་དུ་རིགསBདངCཡི་རིམ་པ་ཅུང་མང་ཟེར།

ཉིན་གཉིས་རིང་གི་བརྟག་དཔྱད་བྱས་པ་བརྒྱུད། རྫོང་འདིའི་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལྟ་སྐུལ་དོ་དམ་གྱི་བསམ་འཆར་ཡི་གེ3བཀྲམས་པ་དང་། ཚད་གཞི་དང་མི་མཐུན་པའི་ཟ་ཁང་ལ་ཐ་ཚིག་སྒྲོག་པ་མ་ཟད། ཐོ་འགོད་བྱས་ཤིང་ཡང་བསྐྱར་བརྟག་དཔྱད་བྱས་ནས་ཐག་གཅོད་བྱས་པ་རེད། ཐེངས་འདིའི་བརྟག་དཔྱད་ཀྱིས་བཟའ་བཏུང་ཞབས་ཞུའི་ལས་རིགས་ལ་འཕྲོད་བསྟེན་སྔོན་འགོག་གི་ལས་ཀ་ལེགས་པོར་སྒྲུབ་ཡོད་པས། ཟ་ཁང་སོ་སོའི་འཕྲོད་བསྟེན་ཞབས་ཞུའི་གནས་ཚུལ་ཇེ་བཟང་དུ་གྱུར་ཡོད་ཅིང་། སྔར་ལས་ལྷག་པར་བཟའ་བཅའི་བདེ་འཇགས་ལ་འགན་སྲུང་བྱས་ཡོད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག