མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་སྙན་ཞུ་ཕུལ་བར་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-26 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐོར་གསུམ་པའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་མིང་ཐོ་རྣམ་གྲངས་སྙན་ཞུ་ཕུལ་བར་ཞིང་ཆེན་རིམ་པའི་ཆོག་མཆོག་ཐོབ་པ་ཆེས་མང་ཞིང་།  ཆོག་མཆན་ཐོབ་པའི་གྲངས་ཀ་ཆེས་མང་བའི་དམིགས་འབེན་ལེགས་འགྲུབ་བྱུང་།  རྣམ་གྲངས11ལ་ཞིང་ཆེན་རིམ་པའི་ཆོག་མཆན་ཐོབ་པ་དང་།  དེ་ལས་བདེ་ཆེན་ཁུལ་དུ་ཞིང་ཆེན་རིམ་པའི་མིང་ཐོ་རྣམ་གྲངས་སྔོན་ཆད་ཀྱི་རྣམ་གྲངས10ལས་རྣམ་གྲངས21ལ་འཕར་བས།  ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་།

 རྒྱུས་ལོན་པ་ལྟར་ན།  བདེ་ཆེན་ཁུལ་རིག་གནས་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་དང་ཁུལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་ལས་བྱེད་པས་འབད་པ་བྱས་འོག  ན་ནིང་བདེ་ཆེན་ཁུལ་གྱིས་སྙན་ཞུ་ཕུལ་བའི་རྣམ་གྲངས་ཁྲོད། “བདེ་ཆེན་རས་པ ”དང“བོད་ཀྱི་ནས་ཆང་བསྙལ་བཟོ་ལག་རྩལ”བཅས་རྣམ་གྲངས11ལ་ཞིང་ཆེན་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། ཡུན་ནན་ཞིང་ཆེན་གྱི་སྐོར་གསུམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་མིང་ཐོ་གྲས་སུ་ཚུད་པར་ཁྱབ་བསྒྲགས་བྱས།

2013ལོའི་ཟླ11བར།  བདེ་ཆེན་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་དངོས་ལས་རྒྱལ་ཁབ་དང་ཞིང་ཆེན།  ཁུལ།  རྫོང་སོགས་སྲུང་སྐྱོང་མིང་ཐོ་ཁྲོད་དུ་རྒྱལ་ཁབ་རིམ་པའི་རྣམ་གྲངས6དང་།  ཞིང་ཆེན་རིམ་པའི་རྣམ་གྲངས21།  ཁུལ་རིམ་པའི་རྣམ་གྲངས96།  རྫོང་རིམ་པའི་རྣམ་གྲངས21བཅས་འདུས་ལ།  རྒྱལ་ཁབ་རིམ་པའི་རྒྱུན་འཛིན་མཁན6དང་ཞིང་ཆེན་རིམ་པའི་རྒྱུན་འཛིན་མཁན35།  ཁུལ་རིམ་པའི་རྒྱུན་འཛིན་མཁན56། རྫོང་རིམ་པའི་རྒྱུན་འཛིན་མཁན147བཅས་འདུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག