མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཚན་རིག་ཤེས་བྱའི་དྲིལ་བསྒྲགས་ཁྱབ་གདལ་དུ་གཏོང་བར་གཙིགས་ཆེན་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-26 11:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཚན་རྩལ་སྡེ་ཁག་གིས་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ། “ཤེས་བྱའི་བདག་དབང་སྲུང་སྐྱོབ་དྲིལ་བསྒྲགས་གཟའ་འཁོར་དང་།ཚན་རྩལ་བྱེད་སྒོའི་གཟའ་འཁོར”སོགས་ཀྱི་སྟེགས་བུ་བརྒྱུད་དེ། “དངོས་ཡོད་དང་དངོས་སྤྱོད།དངོས་ཕན”འབུར་ཏུ་ཐོན་པར་བྱས་ནས། ཚན་རིག་ཁྱབ་སྤེལ་དང་སྤྱི་ཚོགས་འཚོ་བ། ཐོན་སྐྱེད་ལག་ལེན་ཟུང་འབྲེལ་བྱས་ཏེ།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་བྱས་པས་ཕན་ནུས་ལེགས་པོ་ཐོབ་ཡོད།

ཁྱད་ལྡན་གནས་བབ་ཡག་པའི་ཐོན་ལས་ལ་དམིགས་པ་དང་ཚན་རྩལ་སྡེ་ཁག་གི་ལག་རྩལ་ནུས་ཤུགས་ལ་བརྟེན་ནས།རང་ཁུལ་དུ་རྒུན་འབྲུམ་འདེབས་འཛུགས་དང་རྩྭ་སྨན་འདེབས་འཛུགས། གནོད་འབུའི་སྔོན་འགོག ནས་འདེབས་འཛུགས། སྔོ་ཚལ་འདེབས་འཛུགས། ནོར་ལུག་དང་བྱ་གསོ་བ་སོགས་ཀྱི་ལག་རྩལ་གྱིས་གཙོ་བྱས་པའི་ཞིང་སྡེར་འཚམ་པའི་ལག་རྩལ་གསོ་སྦྱོང་ཐེངས459སྤེལ་ཞིང་མི་ཐེངས50071ལ་གསོ་སྦྱོང་བྱས།

“4·26ཤེས་བྱའི་བདག་དབང་སྲུང་སྐྱོབ་དྲིལ་བསྒྲགས་གཟའ་འཁོར”གྱི་སྐབས་སུ།“ཤེས་བྱའི་བདག་དབང་སྲུང་སྐྱོབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ།གསར་གཏོད་ལ་རྒྱབ་སྐྱོར་དང་འཕེལ་རྒྱས་ལ་འདེད་སྐུལ་བྱེད་པ”བརྗོད་བྱ་གཙོ་བོ་བྱས་པའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཏེ་རང་ཁུལ་གྱིས་ཤེས་བྱའི་བདག་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་མཐོར་བཏང་བ་རེད།2013ལོའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་སྐབས་སུ། ཁོངས་མིའི་ལས་ཁུངས15རྩ་འཛུགས་བྱས་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ལ།“8·28”དང“8·31”ས་འགུལ་བྱུང་རྗེས།རྒྱང་བསྒྲགས་ལས་ཁུངས་དང་བརྙན་འཕྲིན་ཁང་། དྲ་རྒྱ། ཚགས་པར་སོགས་ལ་བརྟེན་ནས་ཚན་རིག་ཁྱབ་གདལ་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།

ཚན་རྩལ་ཆ་འཕྲིན་དྲ་རྒྱའི་ནང་དོན་གསར་སྒྱུར་ལེགས་བཅོས་དང་ཆ་འཕྲིན་སྐབས་བསྟུན་གྱིས་གཏོང་བར་བརྩོན་ལེན་བྱས་ཏེ།ལོ་ཡོངས་སུ་ཚན་རྩལ་ཆ་འཕྲིན་དྲ་རྒྱའི་སྟེང་ཚན་རྩལ་ཕྱོགས་ཀྱི་གསར་འགྱུར49དང་། མདུན་ངོས་སུ་འགུལ་རིས་འདྲ་པར7 ཚན་རིག་ཁྱབ་སྤེལ་གྱི་ཆ་འཕྲིན48རིག་གནས་ཆ་འཕྲིན24 འདྲ་པར་གཞན7གསར་སྣོན་བྱས་ཡོད་པ་རེད།འདིའི་ཁྲོད་དུ། བདེ་ཆེན་ཚན་རྩལ་ལས་ཀས་བརྗོད་བྱ་གཙོ་བོ་བྱས་པའི་ཆ་འཕྲིན་གང་མང་ཞིག་ཞིང་ཆེན་ཚན་རྩལ་ཐིང་གི་དྲ་བ་དང་སེམས་ཀྱི་ཉི་ཟླའི་དྲ་བ་སོགས་སུ་བཞག་ཡོད་པ་རེད། ཞིང་ཆེན་ཚན་རྩལ་ཐིང་དུ་ཆ་འཕྲིན45དང་། སྲིད་གཞུང་ཆ་འཕྲིན་ཁང་དང་ཁུལ་ཨུའི་ཆ་འཕྲིན་ཁང་།བདེ་ཆེན་ཚགས་པར་ཁང་བཅས་སུ་ཆ་འཕྲིན46སྐྱེལ་ཡོད་པ་རེད། བདེ་ཆེན་ཚགས་པར་ཁང་གིས་ཆ་འཕྲིན28སྤྱད་པ་དང་བདེ་ཆེན་ཆ་འཕྲིན་གྱིས་ཆ་འཕྲིན2ཞིང་ཆེན་ཚན་རྩལ་ཐིང་གིས་ཆ་འཕྲིན3བཅས་སྤྱད་ཡོད་པ་རེད། 《བདེ་ཆེན་ཚན་རྩལ》གྱི་དེབ་གྲངས600དཔར་ཏེ།《བདེ་ཆེན་ཚན་རྩལ》གྱི་ནུས་པ་གང་ལེགས་འདོན་སྤེལ་དང་། རྒྱ་ཆེ་བའི་ཚན་རྩལ་ལས་བྱེད་མི་སྣ་ལ་གསར་གཏོད་དང་བརྗེ་རེས་ཀྱི་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ཡོད་ལ།ཏང་དང་རྒྱལ་ཁབ་ཀྱི་ཚན་རྩལ་བྱེད་ཕྱོགས་དང་སྲིད་ཇུས། རང་ཁུལ་གྱི་ཚན་རྩལ་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་དྲིལ་བསྒྲགས་བྱེད་པར་གལ་ཆེའི་ནུས་པ་བཏོན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག