མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ད་ལོར་འབའ་ལུང་རྫོང་གིས་གཙོ་གནད་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར70གཏོང་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-25 11:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  2014ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས204ལག་བསྟར་བྱེད་རྒྱུ་ཡིན་པ་དང་།  གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་མ་དངུལ་གཏོང་བར་སྒོར་དུང་ཕྱུར70ལས་བརྒལ་བའི་མངོན་རེ་བ་ཡོད། འཛུགས་སྐྲུན་རྣམ་གྲངས་ཐད“ སྐོར་ཞིག་གསོག་འཇོག་བྱེད་པ་དང་།  སྐོར་ཞིག་གན་རྒྱ་འཇོག་པ།  སྐོར་ཞིག་ལས་འགོ་བརྩམས་རྒྱུ་ཡིན་པ།  སྐོར་ཞིག་ལེགས་འགྲུབ་འབྱུང་བ།  སྐོར་ཞིག་ཐོན་སྐྱེད་བྱེད་རྒྱུ་ཡིན་པའི” འཐབ་ཇུས་བསམ་བློ་ལྟར།  འབའ་ལུང་རྫོང་གིས་སྔར་ལས་ལྷག་པར་མ་དངུལ་གཏོང་བའི་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ཡིན་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་དཀའ་ཁག་ཐད་ཤུགས་བསྣན་ནས།  ས་གཞི་དང་མ་དངུལ་ཧྲག་བསྡུ་བྱེད་པའི་དཀའ་ཁག་གཉིས་སེལ་བས།  ཚོང་འགུག་དངུལ་འདྲེན་ཐད་གྱི་འཕར་སྣོན20%ཡན་ལ་སླེབས་པར་བརྩོན་ལེན་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག