མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་རྒྱུན་ཆད་མེད་པར་གཞུང་ལམ་བདག་སྐྱོང་ཆུ་ཚད་མཐོར་འདེགས་བྱེད་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-24 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཁུལ་རིམ་པས་སྤྱིའི་ཕྱོགས་ནས་མཛུབ་སྟོན་བྱེད་པ་དང་།  རྫོང་རིམ་པའི་ཕྱོགས་ཡོངས་ནས་འགན་ཁུར་བ་སོགས་ལམ་ལུགས་ཞིག་རིམ་གྱི་ཆགས་པ་བརྒྱུད།  ཤང་དང་སྡེ་བ་སོ་སོ་རུ་གཞུང་ལམ་ཡོད་ན་བདག་སྐྱོང་བྱེད་རྒྱུ་དང་གཞུང་ལམ་ཡོད་ན་དོ་དམ་བྱེད་པར་ལག་བསྟར་བྱས།  ཁུལ་ཡོངས་ཀྱི་ཤང29རུ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཁང་བཙུགས་ཡོད་པ་དང་།  དེའི་ཐོག་ཆེད་ལས་ལས་བྱེད་མི་སྣ2ནས་གསུམ་དང་།  སྡེ་མི་ཨུ་ཡོན་ལྷན་ཁང188དུ་མཐུན་སྦྱོར་དོ་དམ་མི་སྣ1ནས་གཉིས་བཅས་བཀོད་སྒྲིག་བྱས་ཡོད་པས།  སྔར་ལས་ལྷག་པར་རྒྱུན་ལྡན་གྱི་གཞུང་ལམ་བདག་སྐྱོང་བྱེད་པ་དང་དོན་དངོས་སུ་གཞུང་ལམ་ལེགས་བཅོས་ཐོབ་པ་སོགས་ཞིང་སྡེའི་གཞུང་ལམ་གྱི་འགན་སྲུང་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག