མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་ལ་ཞིང་ཆེན་རིམ་པའི་དཔལ་ཡོན་རྫོང་མཁར་ཞེས་པའི་མཚན་སྙན་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-22 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ལ་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབོར་ཐེངས་གཉིས་པའི་ཞིང་ཆེན་རིམ་པའི་དཔལ་ཡོན་རྫོང་མཁར་ཞེས་པའི་གཟེངས་བསྟོད་གནང་བ། འདི་ནི་རང་ཁུལ་གྱི་ཁོངས་གཏོགས་རྫོང་མཁར་ལ་འབོར་ཐེངས་དང་པོར་ཞིང་ཆེན་རིམ་པའི་དཔལ་ཡོན་རྫོང་མཁར་ཞེས་པའི་མཚན་སྙན་ཐོབ་པ་རེད།

ཉེ་བའི་ལོ་འགའི་རིང་དུ། སེམས་ཀྱི་ཉི་ཟླ་རྫོང་གིས་དཔལ་འབྱོར་གོང་སྤེལ་དང་།འཆར་འགོད་ལུགས་དང་མཐུན་པ། ཕན་ནུས་འཐུས་སྒོ་ཚང་བ། ཁོར་ཡུག་མཛེས་པོར་བཟོ་བ། ཁྱད་ཆོས་མངོན་གསལ་གྱིས་ཐོན་པའི་དེང་རབས་ཅན་གྱི་དཔལ་ཡོན་རྫོང་མཁར་འཛུགས་སྐྲུན་བྱེད་པ་དམིགས་ཡུལ་དུ་བཟུང་ནས། འབད་བརྩོན་གྱིས་རྫོང་མཁར་གྱི་རྣམ་པ་ལེགས་པོར་གཏོང་བ་དང་། རྫོང་མཁར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། གསར་སྐྲུན་གྱི་ངང་ཚུལ་འཛུགས་པར་ཤུགས་སྣོན་རྒྱག་པ། རྒྱ་ཁྱབ་ཏུ་རབ་དང་རིམ་པའི་བསམ་པའི་དཔལ་ཡོན་གསར་གཏོད་བྱེད་པའི་བྱེད་སྒོ་གཏིང་ཟབ་ཏུ་བྱས་ནས། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཧུར་ཐག་གིས་བསམ་པའི་དཔལ་ཡོན་ལག་བསྟར་བྱེད་པའི་ནང་ཞུགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་། མི་སྡོད་ཀྱི་ཁོར་ཡུག་རྒྱུན་མཐུད་ཀྱིས་ལེགས་སུ་གཏོང་བ། མང་ཚོགས་ཀྱི་དཔལ་ཡོན་བྱང་ཚད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་འཕར་བ་ལ་སྐུལ་འདེད་གཏོང་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་དང་དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྤེལ། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྤེལ་བར་གྱི་ཟུང་འབྲེལ་དམ་ཚགས་བྱེད་པ་མངོན་འགྱུར་བྱུང་བ་རེད།

ཤེས་གསལ་བྱུང་དོན། 2013ལོའི་ལོ་འགོར་ཡུན་ནན་ཞིང་ཆེན་འབོར་ཐེངས་གཉིས་པའི་དཔལ་ཡོན་རྫོང་མཁར་གྱི་དཔྱད་བསྡུར་འདེམས་བསྐོའི་བྱེད་སྒོར་སྙན་ཞུ་བྱས་པ་དང་དེར་ཞུགས་པ་ནས་བཟུང་། སེམས་ཀྱི་ཉི་ཟླ་རྫོང་གིས་རྩ་འཛུགས་འགོ་ཁྲིད་ལ་སྟོབས་ཤུགས་ལྡན་པ་དང་། གསར་གཏོད་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་བ། དཔལ་འབྱོར་མུ་མཐུད་དུ་བདེ་བླག་ངང་གོང་སྤེལ་གཏོང་བ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཕན་ནུས་ལྡན་པ། སྐྱེ་ཁམས་ཀྱི་ཁོར་ཡུག་གཙང་ཞིང་མཛེས་པོར་བཟོ་བ། ཕྱོགས་བསྡུས་བདག་སྐྱོང་གི་འབྲས་བུ་ཡག་པ། སྤྱི་ཚོགས་ཞབས་འདེགས་ལ་ཚད་གཞི་ལྡན་པ། སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འགོ་ཁྲིད་བྱས་པ་དང་། རྒྱ་ཁྱབ་ཏུ་ལས་བྱེད་པ་ཧུར་ཐག་ངང་ཞུགས་པར་སྐུལ་མ་བཏང་བ། འབད་བརྩོན་གྱིས་དྲིལ་བསྒྲགས་དང་ཤུགས་རྐྱེན་ཐེབས་རྒྱ་ཆེ་རུ་བསྐྱེད་པ། ནན་ཏན་གྱིས“རྡུང་རྡེག་དྲག་པོ་དང་བདག་སྐྱོང་ཁག་བཞི”བྱས་ནས། སྤྱི་ཡོངས་ནས་རྫོང་མཁར་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། རྒྱལ་ཁབ་བསྡོམས་རྩིས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་བས་ཞིབ་བཤེར་རྩིས་ལེན་བྱས་ནས་ཐོན་པ་དང་། བསམ་འཆར་བསྡུ་ལེན་དང་སྤྱི་བསྒྲགས་སོགས་གོ་རིམ་ནས་ཐོན་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག